作词 : 宫甲-罗智坚措
作曲 : 宫甲-罗智坚措
ཁ་བྲལ་ནས་ལོ་ཟླ་མང་པོ་ཞིག་འགོར་སོང་།
ཁྱེད་རྣམས་ད་ལྟ་བདེ་མོ་ཡིན་ནམ།
ངས་དྲན་བཞིན་དྲན་བཞིན་ཁྱེད་རྣམས་དྲན་བཞིན་ཡོད།
ཁྱེད་རྣམས་ད་ལྟ་གང་དུ་གནས་ཡོད།
སློབ་གྲོགས་ཀྱི་བརྩེ་བ་བོར་མེད།
སློབ་གྲོགས་ཀྱི་དུང་བ་བརྗེད་མེད།
སེམས་ལ་ཉར་ཡོད།
རུས་ལ་ཟུག་ཡོད།
འདས་ཟིན་པའི་ལོ་ཟླའི་ནང་ནས།
ང་དང་ཁྱེད་ཚོའི་ཡི་བར་དུ།
ལང་ཚོ་ཡི་གཏམ་རྒྱུད་ཅིག་ཡོད།
Hello.......
ད་ལྟ་ཁྱེད་ཚོའི་དགོད་སྒྲ་གོ་རྒྱུ་མི་འདུག།
ཁྱེད་ཚོའི་རྒྱབ་གཟུགས་མཐོང་རྒྱུ་མི་འདུག།
སློབ་གྲོགས་ལགས། ཁྱོད་རྣམ་བདེ་ལེགས་སམ།
སློབ་གྲོགས་ཀྱི་བརྩེ་བ་བོར་མེད།
སློབ་གྲོགས་ཀྱིདུང་བ་བརྗེད་མེད།
སེམས་ལ་ཉར་ཡོད།
རུས་ལ་ཟུག་ཡོད།
འདས་ཟིན་པའི་ལོ་ཟླའི་ནང་ནས།
ང་དང་ཁྱེད་ཚོ་ཡི་བརདུ།
ལང་ཚོ་ཡི་གཏམ་རྒྱུད་ཤིག་ཡོད།
Helo.......
སེམས་མ་སྡུག
འཚོ་བ་དང་ཕུགས་བསམ་ཀྱི་ཆེད་དུ
ཡིད་མ་སྐྱོ།
རེ་བ་དང་རྨི་ལམ་གྱི་ཆེད་དུ།
ང་ཚོསམཐོ་ས་ལ་ལྟ།
མཐོ་ས་ལ་འགྲོ།
ང་ཚོ་མཐོ་ས་ནས་མཇལ།