作词 : 索朗加才
作曲 : 索朗加才
ཨེ་མ་ཡེ་་་་་
རྩྭ་ཐང་ཡང་པོ་ང་ཡི་ཕ་ཡུལ་ཡིན།
སྦྲ་ནག་གྲུ་བཞི་ང་ཡི་ཕ་ནོར་ཡིན།
རྟ་ནོར་ལུག་གསུམ་ང་ཡི་སྒོ་ཟོག་ཡིན།
ཕ་ཡུལ་བྱང་ཐང་ང་ཡི་སྐྱེ་ས་ཡིན།
ཕ་ཡུལ་བྱང་ཐང་ང་ཡི་སྐྱེ་ས་ཡིན།
~
ཨེ་མ་ཡེ་་་་་་
གངས་རི་དཀར་པོ་ང་ཡི་བླ་རི་ཡིན།
མཚོ་མོ་སྔོན་མོ་ང་ཡི་གཙང་ཆབ་ཡིན།
ཕ་རྒྱུད་བཟང་པོ་ང་ཡི་རིགས་བཟང་ཡིན།
མ་རྒྱུད་བཟང་མོ་ང་ཡི་རྒྱུད་བཟང་ཡིན།
མ་རྒྱུད་བཟང་མོ་ང་ཡི་རྒྱུད་བཟང་ཡིན།
~
ཨེ་མ་ཡེ་་་་་་་
ཚ་རུ་ལྤགས་ཚག་ང་ཡི་དགོས་རྒྱན་ཡིན།
ཤ་མར་ཐུད་གསུམ་ང་ཡི་ཁ་ཟས་ཡིན།
བྱམས་དང་རྙིང་རྗེ་ང་ཡི་ཁྱད་ཆོས་ཡིན།
ང་ཡི་མིང་ལ་ཨ་ཁུ་འབྲོག་པ་ཟེར།
ང་ཡི་མིང་ལ་ཨ་ཁུ་འབྲོག་པ་ཟེར།
ང་ཡི་མིང་ལ་ཨ་ཁུ་འབྲོག་པ་ཟེར།
~