作词 : 阿迈布
作曲 : 旦正才让
རིི་བོ་ཉི་ཟླའི་སྒོ་གླེགས་ཕྱེ་དུས།
མཐའ་ཡས་བའི་རྩྭ་ཐང་སྟེ།
ཁྱོད་ཀྱི་བློ་སྟོབས་དང་ཐུགས་བསྐྱེད་ཡིན་པ་རྟོགས་སོང་།
བློན་པོ་གསེར་ཆེན་ཁྱེེད་ནི་མཐོ་སྒང་བོད་ཀྱི་བླ་རི་ཡིན།
ཁྱེད་ནི་ང་ཚོའི་སེམས་ཀྱི་རྡོ་རིང་སེམས་ཀྱི་མགྲིན་གླུ་ཡིན།
བློན་པོ་གསེར་ཆེན།
ཁྱོད་ཀྱི་མི་ཚེ་ཟློས་གར།
དཔའ་མཛངས་རྣམ་ཐར།
ཡིད་འོང་གི་གཏམ་རྒྱུད་རེ།
ཡིད་ལ་འཁོར་བྱུང་སེམས་ནས་རྟོགས་བྱུང་།
བློན་པོ་གསེར་ཆེན་ལགས།
བློན་པོ་གསེར་ཆེན།
ཁྱོད་ཀྱི་མི་ཚེ་ཟློས་གར།
དཔའ་མཛངས་རྣམ་ཐར།
ཡིད་འོང་གི་གཏམ་རྒྱུད་རེ།
ཡིད་ལ་འཁོར་བྱུང་སེམས་ནས་རྟོགས་བྱུང་།
བློན་པོ་གསེར་ཆེན་ལགས།
ཁྲི་ཤོར་རྒྱལ་མོའི་རླབས་སྒྲར་ཉན་དུས།
ཁྱེད་ཀྱི་རྟུལ་ཕོད་ཀྱི་ཟབ་ཚད་དྲན།
དེ་བས་མཚོ་མོ་འདི་ཁྱེད་ཀྱི་བརྩེ་སེམས་ཡིན་པ་རྟོགས་སོང་།
ཡིན་པ་རྟོགས་སོང་།
རྡོག་འབབ་གཙང་བོའི་བཞུར་ལམ་མཐོང་དུས།
ཁྱེད་ཀྱི་མི་ཚེ་ཟློས་གར་དྲན།
དེ་བས་་ཡིད་ལ་ཆུ་ཕྲན་ཏེ་ཁྱོད་ཀྱི་གཏམ་རྒྱུད་ཡིན་པ་རྟོགས་སོང་།
ཡིན་པ་རྟོགས་སོང་།
རིི་བོ་ཉི་ཟླའི་སྒོ་གླེགས་ཕྱེ་དུས།
མཐའ་ཡས་བའི་རྩྭ་ཐང་སྟེ།
ཁྱོད་ཀྱི་བློ་སྟོབས་དང་ཐུགས་བསྐྱེད་ཡིན་པ་རྟོགས་སོང་།
བློན་པོ་གསེར་ཆེན་ཁྱེེད་ནི་མཐོ་སྒང་བོད་ཀྱི་བླ་རི་ཡིན།
ཁྱེད་ནི་ང་ཚོའི་སེམས་ཀྱི་རྡོ་རིང་སེམས་ཀྱི་མགྲིན་གླུ་ཡིན།
བློན་པོ་གསེར་ཆེན།
ཁྱོད་ཀྱི་མི་ཚེ་ཟློས་གར།
དཔའ་མཛངས་རྣམ་ཐར།
ཡིད་འོང་གི་གཏམ་རྒྱུད་རེ།
ཡིད་ལ་འཁོར་བྱུང་སེམས་ནས་རྟོགས་བྱུང་།
བློན་པོ་གསེར་ཆེན་ལགས།
བློན་པོ་གསེར་ཆེན།
ཁྱོད་ཀྱི་མི་ཚེ་ཟློས་གར།
དཔའ་མཛངས་རྣམ་ཐར།
ཡིད་འོང་གི་གཏམ་རྒྱུད་རེ།
ཡིད་ལ་འཁོར་བྱུང་སེམས་ནས་རྟོགས་བྱུང་།
བློན་པོ་གསེར་ཆེན་ལགས།
ཡིད་ལ་འཁོར་བྱུང་སེམས་ནས་རྟོགས་བྱུང་།
བློན་པོ་གསེར་ཆེན་ལགས།