作词 : 萨格尔博
作曲 : 丹贝尖参
编曲 : 谢尔巴
男:
ལང་ཚོ་ཡི་ལམ་ཕྱེད་ཅིག་ནས།
ལས་དབང་གིས་ལྷན་དུ་འཛོམས་པའི།
ཡིད་འོང་གི་སྨན་ཤར་གཞོན་ནུ།
བརྩེ་སེམས་ཀྱི་དངུལ་དཀར་མཛུབ་དཀྲིས།
མི་གཞན་གྱིས་ལག་པའི་རེག་མེད།
女:
ཤེས་རིག་གི་སློབ་གྲྭའི་གླིང་ནས།
དུངས་སྣང་གི་བློ་ཁ་མཐུན་པའི།
ལོ་ཆུང་གི་སྟག་ཤར་གཞོན་ནུ།
ལང་ཚོ་ཡི་རྐྱང་རྒོད་གཡེར་བ།
མི་གཞན་གྱིས་སྲབ་མཐུར་བསྐོན་མེད།
合:
བདག་བྱོས་དང་བདག་པོ་ཁྱེད་ཡིན།
སེམས་གངས་དཀར་དྲན་པའི་ངོས་སུ།
ཞག་ཉིན་མཚན་དབྱེ་བ་མེད་པར།
ཧོ་་་་་་ཁྱེད་ཁོ་ནའི་ལང་ཚོ་ཤར་ཡོད།
ཁྱེད་ཁོ་ནའི་ལང་ཚོ་ཤར་ཡོད།
ཨོ་ཧོ་་་་་་ཁྱེད་ཁོ་ནའི་ལང་ཚོ་ཤར་ཡོད།
女:
འདང་བརྩེ་ཡི་སྒ་ཆ་བསྟད་དེ།
དམ་ཚིག་གི་རྔ་རྔོག་བསླེས་ནས།
ཚེ་གང་གི་གློ་རྟར་བསམ་ན།
འདང་ཞེ་རྩིས་ཁྱེད་ལ་ཆགས་ཆོག
འདང་ཞེ་རྩིས་ཁྱེད་ལ་ཆགས་ཆོག
男:
དམ་ཚིག་གི་འབྲུག་རིས་བརྐོས་ནས།
སྨན་ཁྱེད་ཀྱི་ནེམ་འཇམ་མཛུབ་མོར།
བུ་ང་ཡི་དངོས་སུ་སྐོན་འདོད།
འདང་བརྩེ་བ་འགྱུར་མེད་ཡིན་ན།
ཚེ་འདི་ནས་ཁྱེད་ཀྱིས་བདག་བྱོས།
合:
དུས་ནམ་ཡང་མཉམ་དུ་བགྲོད་འདོད།
ཡ་ཁོག་གི་སྙིང་དང་འདྲ་བར།
ཚེ་གཅིག་གི་སྐྱ་ཡར་བསམ་དུས།
ཧོ་་་་་་འདང་བརྩེ་བ་ཆུ་ལ་ཆུ་བཞག
འདང་བརྩེ་བ་ཆུ་ལ་ཆུ་བཞག
ཨོ་ཧོ་་་་་་འདང་བརྩེ་བ་ཆུ་ལ་ཆུ་བཞག
དུས་ནམ་ཡང་མཉམ་དུ་བགྲོད་འདོད།
ཡ་ཁོག་གི་སྙིང་དང་འདྲ་བར།
ཚེ་གཅིག་གི་སྐྱ་ཡར་བསམ་དུས།
ཧོ་་་་་་འདང་བརྩེ་བ་ཆུ་ལ་ཆུ་བཞག
འདང་བརྩེ་བ་ཆུ་ལ་ཆུ་བཞག
ཨོ་ཧོ་་་་་་འདང་བརྩེ་བ་ཆུ་ལ་ཆུ་བཞག
ཨོ་ཧོ་་་་་་འདང་བརྩེ་བ་ཆུ་ལ་ཆུ་བཞག
和声 : 欧智卓玛
龙头琴 : 杨杰才让
录音 : 谢尔巴
后期 : 谢尔巴
音乐宣传 : 谢旦贴吧工作室