作词 : 东科南夸
作曲 : 才仁吉麦老师
ལོ་གསར་བཟང་།
新年好!
བཀྲ་ཤིས་ལོ་གསར་བཟང་། ལོ་གསར་བཟང་།
吉祥新年好,新年好!
རབ་དཀར་གངས་ཀྱིས་བརྒྱན་པའི་གནས་མཆོག་ན།
洁白雪花粉饰的圣地,
དཀར་པོ་དགེ་ལ་དད་པའི་མི་རིགས་སྟེ།
信仰善白业的民族啊,
བྱམས་བརྩེ་འབུམ་གྱིས་ཕྱུག་པོའི་བོད་པ་ལགས།
富有百千慈悲的吐蕃,
གནམ་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུ།
祝新年元旦吉祥如意,
ང་ཡི་བྱམས་ལྡན་བོད་པ་ལགས། ལོ་གསར་བཟང་།
我慈悲的藏族,新年好!
ཨོ་ཧོ་་་། གནམ་ལོ་གསར་ཚེས་ནང་ལ།
喔嚯……愿新的一年里;
ཨོ་ཧོ་་་། ནད་མེད་ཚེ་རིང་ལོ་བརྒྱ་ཡོང་བའི་ལོ་གསར་བཟང་།
喔嚯……祝健康长寿,新年好!
ཨེ་མ་ཧོ་་་་། ལོ་གསར་བཟང་། བཀྲ་ལ་ཤིས་པ་ཤོག
唉玛嚯,新年好,扎啦西吧秀!
ཨེ་མ་ཧོ་་་་། ལོ་གསར་བཟང་། བཀྲ་ལ་ཤིས་པ་ཤོག
唉玛嚯,新年好,扎啦西吧秀!
ལོ་གསར་བཟང་།
新年好!
བཀྲ་ཤིས་ལོ་གསར་བཟང་། ལོ་གསར་བཟང་།
唉玛嚯,新年好,扎啦西吧秀!
ཤེས་བྱ་ཡོན་ཏན་སྦྱོང་སའི་སློབ་གླིང་ན།
勤学知识的学院里,
གངས་ཅན་མེས་པོའི་ཕ་ནོར་ལྔ་ཟུང་ནོར།
十明雪域祖辈的财,
འཆད་རྩོད་རྩོམ་གསུམ་གནང་བའི་སློབ་གྲོགས་ལགས།
精进闻思修的同学,
གནམ་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུ།
祝新年元旦吉祥如意,
ང་ཡི་བརྩེ་ལྡན་སློབ་གྲོགས་ལགས། ལོ་གསར་བཟང་།
我慈悲的同学,新年好!
ཨོ་ཧོ་་། གནམ་ལོ་གསར་ཚེས་ནང་ལ།
喔嚯……愿新的一年里;
ཨོ་ཧོ་་། སློབ་སྦྱོང་ཡར་ངོའི་ཟླ་ལྟར་འཕེལ་བའི་ལོ་གསར་བཟང་།
]喔嚯……祝学习如上弦月,新年好!
ཨེ་མ་ཧོ་་་་། ལོ་གསར་བཟང་། བཀྲ་ལ་ཤིས་པ་ཤོག
唉玛嚯……新年好,扎啦西吧秀!
ཨེ་མ་ཧོ་་་་། ལོ་གསར་བཟང་། བཀྲ་ལ་ཤིས་པ་ཤོག
唉玛嚯……新年好,扎啦西吧秀!
ལོ་གསར་བཟང་།
新年好!
བཀྲ་ཤིས་ལོ་གསར་བཟང་། ལོ་གསར་བཟང་།
吉祥新年好,新年好!
བསིལ་ལྡན་ཁ་བ་དཀར་པོའི་འདབས་རོལ་ན།
清凉圣洁雪山之下,
རང་རིགས་བོད་པའི་ཁྱིམ་གཞིས་སྦྲ་ནག་ནང་།
藏族家业黑帐篷里,
བཞུགས་པའི་བྱམས་ལྡན་ཕ་མ་མིང་སྲིང་ལགས།
居住的父母姊妹们,
གནམ་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུ།
]祝新年元旦吉祥如意。
ང་ཡི་ཕ་མ་མིང་སྲིང་ལགས། ལོ་གསར་བཟང་།
我的父母兄妹们,新年好!
ཨོ་ཧོ་་། གནམ་ལོ་གསར་ཚེས་ནང་ལ།
喔嚯……愿新的一年里,
ཨོ་ཧོ་་་། འཆམ་མཐུན་བདེ་སྐྱིད་འཚོ་བ་རོལ་བའི་ལོ་གསར་བཟང་།
喔嚯……祝幸福团结安康,新年好!