作词 : 岗恰尔
作曲 : 南木卡
编曲 : 谢尔巴
བླ་མ་རྗེས་སུ་དྲན་པ།
སྐྱབས་རྗེ་བྲག་དཀར་བློ་བཟང་ཆོས་ཀྱི་ཉི་མ་མཆོག་རྗེས་སུ་དྲན་པ།
ཚིག་རྩོམ་མཁན། དཔའ་མཆོག་གངས་ཆར།
དབྱངས་རྩོམ་མཁན། ནམ་མཁའ།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
རྒྱུད་དྲུག ཝང་པེན་པེན།
རོལ་མོ་སྒྲིག་བཟོ། ཤེར་བྷ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར། ས་པཎ་ལོ་ཙཱ་ལས་སྒྲུབ་ཁང་།
མདོ་སྔགས་ཆོས་ཀྱི་རྒྱལ་མཚན་ཆེ། །
གངས་ཅན་ལྗོངས་སུ་སྒྲེང་མཛད་པ། །
བློ༵་བཟ༵ང་རྒྱལ་བ་གཉིས་པ་ཡི། །
འཕྲིན་ལས་འཁོར་ལོས་སྒྱུར་དེ་དྲན། །
བློ༵་བཟ༵ང་རྒྱལ་བ་གཉིས་པ་ཡི། །
འཕྲིན་ལས་འཁོར་ལོས་སྒྱུར་དེ་དྲན། །
རྨ་ཀླུང་གསེར་ལྡན་ཆུ་བོའི་འགྲམ། །
མདོ་སྨད་བྲག་དཀར་སྤྲེལ་རྫོང་དུ།།
ལུང་རྟོགས་ཆོས༵་ཀྱི༵་འོད་སྣང་གིས། །
སྐལ་ལྡན་བུ་བཞིན་སྐྱོང་དེ་དྲན། །
ལུང་རྟོགས་ཆོས༵་ཀྱི༵་འོད་སྣང་གིས། །
སྐལ་ལྡན་བུ་བཞིན་སྐྱོང་དེ་དྲན། །
རབ་དཀར་གངས་རིའི་ཞིང་མཆོག་འདིར། །
རབ་གསལ་སྙན་པའི་རྣ་ཆ་ཅན། །
རབ་ཡངས་ཐུགས་བསྐྱེད་ཉི༵་མ༵འི་གཟི། །
རབ་འབྱམས་ཞིང་གི་རྒྱན་དེ་དྲན། །
རབ་ཡངས་ཐུགས་བསྐྱེད་ཉི༵་མ༵འི་གཟི། །
རབ་འབྱམས་ཞིང་གི་རྒྱན་དེ་དྲན། །
རབ་ཡངས་ཐུགས་བསྐྱེད་ཉི༵་མ༵འི་གཟི། །
རབ་འབྱམས་ཞིང་གི་རྒྱན་དེ་དྲན། །