作词 : 多杰
作曲 : 歌手多杰才旦
ངའི་མེས་པོ་ཀུན་གྱི་སྙིང་ཁོངས་ན་འཁྱིལ་བའི་གཙང་ཆེན།
ངའི་ཡབ་ཆེན་གྱིས་འཇིག་རྟེན་ལ་གནང་བའི་ཁ་བཏགས།
སྙིང་སྟོབས་ཕྱེ་བ་རླབས་སུ་མངོན་པའི་ཆུ་བོ།
གནས་དེ་ན་སྤྲེའུ་ཞིག་གི་སྙིང་རྗེ་གཏམས།
གནས་དེ་བྲག་སྲིན་ཞིག་གི་མཛའ་བ་ཟབ།
གནས་དེ་རིགས་རྒྱུད་ཅིག་གི་ཕ་གཞིས་ཟིན།
ཆུ་བོ་ཡ། ཡར་ཀླུང་གཙང་བོ།
ཆུ་བོ་ཡ། ཡར་ཀླུང་གཙང་བོ།
ཁྱོད་རང་དལ་གྱིས་བཞུར་རོགས།
ས་ཆེན་གྱི་ཁྲག་རྩར་གྱུར་བའི་གཙང་བོ།
དལ་ཅག་གར་ཅི་ཞིག་ལ་བསམ་གཞིགས་གནང་ངམ།
ཁ་དོག་བཞི་ལྡན་གྱི་མཆོད་རྟེན་འདབས་སུ།
ངའི་ཡབ་མེས་གང་གིས་ཁྱོད་རང་དྲན་འདུག
མཚོ་མོ་དལ་གྱིས་གཡོས་འདྲའི་གཙང་ཆེན།
ཅི་ཞིག་མཁྱེན་ཡོད་ཚད་ཁོག་ཏུ་བཅུག་ཅིང་ངག་ཏུ་བསྡམས།
ཁྱོའི་སེམས་འཚེར་སྐད་ལྷང་ལྷང་དུ་སྒྲ་དི་རི།
ངའི་ཡབ་མེས་གང་གིས་ཁྱོད་རང་དྲན་འདུག
ཆུ་བོ་ཡ། ཡར་ཀླུང་གཙང་བོ།
ཆུ་བོ་ཡ། ཡར་ཀླུང་གཙང་བོ།
ཁྱོད་རང་དལ་གྱིས་བཞུར་རོགས།
ཆུ་བོ་ཡ། ཡར་ཀླུང་གཙང་བོ།
ཆུ་བོ་ཡ། ཡར་ཀླུང་གཙང་བོ།
ཁྱོད་རང་དལ་གྱིས་བཞུར་རོགས།
ཁྱོད་རང་དལ་གྱིས་བཞུར་རོགས།