作词 : 民间
作曲 : 民间
ང་སྔོན་མ་བསྡོད་སའི་ས་ཆ་ལ་།
རི་མཐོ་པོ་རྒྱབ་རི་ཐར་ཐོར་ཡོད་།
དུས་དེང་སང་རྒྱབ་རི་བརྗེད་འགྲོ་གདའ་།
མ་ལར་གྱི་བརྗེད་འགྲོ་མ་རེད་སྟེ།
གོ་རོ་ཀ་ཡོ་་་་་
མ་ལར་གྱི་བརྗེད་འགྲོ་མ་རེད་སྟེ།
རི་མཐོ་པོས་མཐོ་པོ་སྒྲིབ་འགྲོ་རེད་།
ང་སྔོན་མ་བསྡོད་སའི་ས་ཆ་ལ་།
རོག་མཐུན་པོ་ཆུང་འདྲིས་ཐར་ཐུར་ཡོད།
དུས་དེང་སང་ཆུང་འདྲིས་བརྗེད་འགྲོ་གདའ།
མ་ལར་གྱི་བརྗེད་འགྲོ་མ་རེད་སྟེ།
གོ་རོ་ཀ་ཡོ་་་་
མ་ལར་གྱི་བརྗེད་འགྲོ་མ་རེད་སྟེ།
རོག་མཐུན་པོས་མཐུན་པོ་བུས་འགྲོ་གདའ།
རྟ་སྔོ་སྐྱ་གཡས་དང་གྲོ་སྐྱ་གཡོན་།
རྐང་ཡུབ་དཀར་གཡས་བདེ་གཡོན་བདེ་རེད་།
ཆུ་རྨ་ཆུ་གཡས་དང་འབྲི་ཆུ་གཡོན་།
ལག་སྐྱོག་དཀར་གཡས་བདེ་གཡོན་བདེ་རེད།
གོ་རོ་ཀ་ཡོ་་་
ཆུ་རྨ་ཆུ་གཡས་དང་འབྲི་ཆུ་གཡོན་།
ལག་སྐྱོག་དཀར་གཡས་བདེ་གཡོན་བདེ་རེད།
རྟ་སྔོར་རྒྱ་ས་ཐོག་སེང་གི་རེད།་
སྒ་གསེར་སྒ་སེང་ཐོག་ནོར་བུ་རེད།
ཁྱོད་ས་ཐོག་སེང་གེ་མ་འགྱུར་ན།
ང་སེང་ཐོག་ནོར་བུ་འགྱུར་ལེ་མག།
གོརོ་ཀ་ཡོ་་་་
ཁྱོད་ས་ཐོག་སེང་གེ་མ་འགྱུར་ན།
ང་སེང་ཐོག་ནོར་བུ་འགྱུར་ལེ་མག།
གོརོ་ཀ་ཡོ་་་་
ཁྱོད་ས་ཐོག་སེང་གེ་མ་འགྱུར་ན།