作词 : 青海华贝
作曲 : 民间
编曲 : 青海华贝
ཤར་ཕྱོགས་རི་བོའི་རྩེ་ནས
དཀར་གསལ་ཟླ་བ་ཤར་བྱུང༌
མ་སྐྱེས་ཨ་མའི་ཞལ་རས
ཡིད་ལ་འཁོར་འཁོར་བྱས་བྱུང༌
ན་ནིང་བཏབ་པའི་ལྗང་གཞོན
ད་ལོ་སོག་མའི་ཕོན་ལྕོག
ཕོ་གཞོན་རྒས་པའི་ལུས་པོ
ལྷོ་གཞུ་ལས་ཀྱང་གྱོང་བ
རང་སེམས་སོང་བའི་མི་དེ
གཏན་གྱི་འདུན་མར་བྱུང་ན
རྒྱ་མཚོའི་གཏིང་ནས་ནོར་བུ
ལོན་པ་དེ་དང་འདྲ་བྱུང་
འགྲོ་ཞོར་ལམ་བུའི་སྙིང་ཐུབ
ལུས་དྲི་ཞིམ་པའི་བུ་མོ
གཡུ་ཆུང་དྲུག་དཀར་རྙེད་ནས
བསྐྱུར་བ་དེ་དང་འདྲ་བྱུང
གཡུ་ཆུང་དྲུག་དཀར་རྙེད་ནས
བསྐྱུར་བ་དེ་དང་འདྲ་བྱུང༌
བསྐྱུར་བ་དེ་དང་འདྲ་བྱུང