作词 : 坦萨嘉
作曲 : 贤女之歌
贤女之歌
ལྷག་བསམ་རྒྱལ།
作词:坦萨嘉
ལྷག་བསམ་རྒྱལ།
作曲:坦萨嘉
བསྐྱར་ལེན་མཁན།
གླུ་མ་ཐང་མཚོ།
歌手:唐措
གླུ་མ་ང་ནི་དབྱར་གྱི་མེ་ཏོག་ཡིན།
女歌手我是夏花
ལང་ཚོ་མཛེས་སྡུག་དར་རེ་རྒུད་རེ་རེད།
青春美丽时兴时衰
དར་ཚེ་ས་སྒང་མཛེས་པའི་རྒྱན་ཆ་ཡིན།
流行起来是高原上美丽的装饰品
རྒུད་ཚེ་སེད་གྱི་བཅོམ་ལ་བློ་འགྱོད་མེད།
一败涂地,无怨无悔
འདི་ནི་གླུ་མ་ཞིག་གི་ལས་དབང་རེད།
这是一个歌手的命运
འདི་ནི་མི་རྟག་འཁོར་བའི་ཆོས་ཉིད་རེད།
这是无常轮回的规律
གླུ་མ་ང་ནི་དབྱངས་ལྡན་ཁུ་བྱུག་འདྲ།
女歌手我就像是一只美丽的杜鹃
ངག་གི་འགྱུར་ཁུགས་དར་རེ་རྒུད་རེད།
语调兴衰
དར་ཚེ་དཔྱིད་པར་བསུ་བའི་ཕོ་ཉ་ཡིན།
是迎春的使者
རྒུད་ཚེ་མོན་ལ་ལོག་པ་བློ་འགྱོད་མེད།
一去不复返
འདི་ནི་གླུ་མ་ཞིག་གི་ལས་དབང་རེད།
这是一个歌手的命运
འདི་ནི་མི་རྟག་འཁོར་བའི་ཆོས་ཉིད་རེད།
这是无常轮回的规律
གླུ་མ་ང་ནི་གཡུ་འབྲུག་སྔོན་མོ་འདྲ་།
女歌手我是青龙似的
སྙན་པའི་གྲགས་པ་དར་རེ་རྒུད་རེ་རེད།
名声一兴一衰
དར་ཚེ་གནམ་ས་འགུལ་བའི་གད་རྒྱང་ཡིན།
流行起来就是惊天动地的爆炸
རྒུད་ཚེ་དགུང་ནས་ཡལ་བ་བློ་འགྱོད་མེད།
一蹶不振
འདི་ནི་གླུ་མ་ཞིག་གི་ལས་དབང་རེད།
这是一个歌手的命运
འདི་ནི་མི་རྟག་འཁོར་བའི་ཆོས་ཉིད་རེད།
这是无常轮回的规律