ས་ག་ཟླ་བ།
ཉི་མ་ཚེ་རིང་གིས་ཚིག་བརྩམས།
ཉི་མ་ཚེ་རིང་གིས་དབྱངས་བརྩམས།
དབང་གྲགས་ཚེ་རིང་དང་ཕུན་ཚོགས་དར་རྒྱས།
སྔོན་བཟའ་ཚེ་རིང་དབྱངས་དཀར། ཉི་མ་བདེ་སྐྱིད་བཅས་ཀྱིས་བླངས།
ལྕགས་སྤྲེལ་ས་ག་ཟླ་བའི། །དུས་བཟང་ཚེས་པ་བདུན་ལ། །
སངས་རྒྱས་ཤཱཀྱ་ཐུབ་པ། །འགྲོ་དྲུག་འདྲེན་པའི་མགོན་དུ། །
ལུམ་བྷིའི་ཚལ་དུ་སྐུ་བལྟམས། །
ས་ག་ཟླ་བ། ས་ག་ཟླ་བ།
དགེ་བ་འབུམ་འགྱུར་གྱི་དུས་བཟང་།
སྲོག་གཅོད་མ་བྱིན་ལེན་དང་འདོད་ལོག་སྤྱོད།
ལུས་ཀྱི་མི་དགེ་གསུམ་པོ་སྤངས་བའི་དུས།
དཀར་ཟས་སྤྱོད་དང་སྦྱིན་པ་གཏོང་བའི་དུས།
ས་ག་ཟླ་བ། ས་ག་ཟླ་བ།
དུས་བཟང་གསུམ་འཛོམ་གྱི་ཟླ་བ། ས་ག་ཟླ་བ།
ཕྱི་ཆོས་ངོམ་ཆོས་མིན་པའི་དགེ་བ་སྒྲུབ།
དོན་དམ་ཆོས་སུ་འགྲོ་བའི་དགེ་བ་སྒྲུབ།
ས་ག་ཟླ་བ།
ཤིང་རྟ་ས་ག་ཟླ་བའི། །ཡར་ཚེས་བཅོ་ལྔའི་ཐོ་རངས། །
སངས་རྒྱས་ཤཱཀྱ་ཐུབ་པ། །བྱང་ཆུབ་ཤིང་གི་དྲུང་དུ། །
མངོན་པར་རྫོགས་པར་སངས་རྒྱས། །
ས་ག་ཟླ་བ། ས་ག་ཟླ་བ།
དགེ་བ་འབུམ་འགྱུར་གྱི་དུས་བཟང་།
རྫུན་དང་ཕྲ་མ་ཚིག་རྩུབ་ངག་ཀྱལ་བ།
ངག་གི་མི་དགེ་བཞི་པོ་སྤོང་བའི་དུས།
བདེན་ཚིག་ངག་འཇམ་གཟུངས་སྔགས་འདོན་པའི་དུས།
ས་ག་ཟླ་བ། ས་ག་ཟླ་བ།
དུས་བཟང་གསུམ་འཛོམ་གྱི་ཟླ་བ། ས་ག་ཟླ་བ།
ཕྱི་ཆོས་ངོམ་ཆོས་མིན་པའི་དགེ་བ་སྒྲུབ།
དོན་དམ་ཆོས་སུ་འགྲོ་བའི་དགེ་བ་སྒྲུབ།
ས་ག་ཟླ་བ།
ལྕགས་འབྲུག་ས་ག་ཟླ་བའི། །ཚེས་པ་བཅོ་ལྔ་ཉིན་མོ། །
སངས་རྒྱས་ཤཱཀྱ་ཐུབ་པ། །བདེན་བཞིའི་གནས་ལུགས་སྟོན་པར། །
རྩྭ་མཆོག་གྲོང་དུ་སྐུ་གཤེགས། །
ས་ག་ཟླ་བ། ས་ག་ཟླ་བ།
དགེ་བ་འབུམ་འགྱུར་གྱི་དུས་བཟང་།
བརྣབ་སེམས་གནོད་སེམས་ལོག་པར་ལྟ།
ཡིད་ཀྱི་མི་དགེ་གསུམ་པོ་སྤོང་བའི་དུས།
ཡ་རབས་བྱམས་དང་སྙིང་རྗེ་སྒོམ་པའི་དུས།
ས་ག་ཟླ་བ། ས་ག་ཟླ་བ།
དུས་བཟང་གསུམ་འཛོམ་གྱི་ཟླ་བ། ས་ག་ཟླ་བ།
ཕྱི་ཆོས་ངོམ་ཆོས་མིན་པའི་དགེ་བ་སྒྲུབ།
དོན་དམ་ཆོས་སུ་འགྲོ་བའི་དགེ་བ་སྒྲུབ།
ས་ག་ཟླ་བ།
ས་ག་ཟླ་བ།
ས་ག་ཟླ་བ།