作词 : 主桑尕贝
作曲 : 贡塔尔甲
ལང་ཚོའི་བཞུར་དབྱངས།
ནས་ལ་ནས་དཀར་ཡག་པོ།།
འབའ་རོང་ཡུལ་ནས་འཁྲུངས་སོང་།།
ནས་བཟང་ཆང་ལ་བསྙལ་ཏེ།།
ལོ་ཆང་ཚེ་རིང་འགྲུབ་ཡོང་།།
དུང་སེམས་བཟི་ཁར་འགྲོག་ནས།།
བརྩེ་ཆང་རུས་ལ་འཐིམས་སོང་།།
ནས་ཆང་ཁམ་གང་བཞེས་ཤོག
ནས་འབྲུ་རྡོག་གཅིག་གཏོར་ཤོག
ས་བཟང་ས་ཡི་སྨོན་ལམ།
སེམས་པའི་མཐིལ་ནས་འགྲུབ་ཡོང་།།
ཕྱོར་ཆེན་སྣམ་བུ་ཡག་པོ།།
དབུས་གཙང་ཡུལ་ནས་དར་ཡག།
གོས་རྒྱུ་བལ་དཀར་ཁ་ཆུ།།
ལྷ་སའི་བུ་མོས་བརྩགས་ཡག།
ཕུ་རོང་ལྟེབས་མའི་བར་གྱི།།
གཞས་འཕྲིན་ལྷ་ཡིག་འདྲ་ལེ།།
གོས་ཆེན་ཕུ་རོང་ནང་གི།
གསང་བའི་ལག་བརྡ་རེ་རེ།།
མེ་ཏོག་ཆར་ལ་སྤྲུལ་ནས།།
ལང་ཚོའི་བཞུར་དབྱངས་ཤག་ཤག
ཚིག་གསུམ་འཕལ་ཀ་ལྷུ་སྒྲིག།
སྐད་ཆའི་སྒམ་ལ་འཕྲོད་ཡག།
བརྩེ་སེམས་ནོར་བུ་ཆ་འགྲིག།
དུང་སེམས་རི་མོ་འགྲིག་འགྲིག།
འཇིག་རྟེན་རི་ལམ་ཐང་ལམ།།
ཡུལ་ཁྱིམ་གཅིག་དང་འདྲ་ལེ།།
འཁོར་བའི་ཟ་དང་ཟུར་ན།།
བདེ་སྐྱིད་ལྷག་མ་མེད་ཀྱང་།།
འུ་ཚོ་ཕལ་བའི་མི་ལ།།
བརྩེ་དུང་ལྡན་པས་ཆོག་སོང་།།