作词 : 蕰日秀姆之子
作曲 : 德格加DGJ
编曲 : 郭超
ཆུང་འདྲིས་བློ་དཀར་སེམས་དཀར།།
ཚིག་དབུ་རི་ཕྱུག་མོའི་བུ་རྒྱུད།
དབྱངས་གདུགས་དཀར་རྒྱལ།
ལེན་མཁན་་གདུགས་དཀར་རྒྱལ། དཀོན་མཆོག་སྐྱིད།
དགོང་ཨ་སྔོན་ཁ་ཞེང་མཐའ་མེད་རེད།།
རི་སྡེ་བའི་ཁ་གྲངས་གཞལ་མེད་ཡིན།།
ལོ་གཞོན་པའི་སྣང་བ་ཉི་ཤུ་རེད།།
འདང་ལྷག་མ་ཡོད་ནོ་ཆུང་འདྲིས་རེད།།
ལོ་གཞོན་དུས་འདྲེས་ནོ་ཁྲེལ་ཟིག་ཡོད།།
ཚིག་ཆུང་དུས་བཤད་ནོ་འདང་ཟིག་ཡོད།།
ཞེ་སྣང་བ་ཆགས་གི་རུ་མ་ཡིན།།
སྐད་རིག་འདྲ་གོ་ན་ཇེ་དུང་རེད།།
ལོ་ཟླ་བ་མདའ་མོ་འཐེབ་ཤོར་རེད།།
ལམ་སྐྱིད་སྡུག་རི་མགོའི་སྨུག་པ་རེད།།
ལུས་ཐོབ་ཤོར་བར་ནས་མ་བརྗེད་ནོ།།
ལོ་ཉི་ཤའི་ནང་གི་ཆུང་འདྲིས་རེད།།
ཁ་དགོད་རེ་མཁོན་རེ་སྐྱིད་ཅིག་ཡོད།།
སེམས་གསོ་རེ་གསོད་རེ་འདང་ཟིག་ཡོད།།
སེམས་གངས་དཀར་དཀྱིལ་གི་ཁ་འཛིན་ཡིན།།
ལོ་ཟླ་བ་འགོར་ན་ཇེ་དྲན་རེད།།
མི་རེ་རེ་ལུས་ཀྱིས་ལམ་རེ་ཡོད།།
ལུས་རེ་རེས་ཐུག་གི་མྱི་རེ་ཡོད།།
གླེང་མྱི་ཁའི་བརྩེ་འདང་མ་ནོགས་ནོ།།
གློ་མཆིན་པའི་བར་གི་ཆུང་འདྲིས་རེད།།
ཚིག་གོང་ཁའི་བཤད་ན་སྐྱིད་ཅིག་ཡོད།།
མགོ་སྙེས་ཐོག་གཅིག་ན་འདང་ཟིག་ཡོད།།
ལོ་ཉི་ཤུའི་ནང་གི་ཉི་མ་ཡིན།།
དུས་དེང་སང་བཤད་ན་ཇེ་སྨྲེང་རེད།།