作词 : 曼拉杰甫
作曲 : 班玛
编曲 : 郑小宇
གངས་དཀར་ཤེལ་གྱི་གཤོག་པ།
སྤང་རྒྱན་མེ་ཏོག་ལགས།
ཉི་ཟླའི་མཚམས་ལ་བསྐྱངས་སོང་།
བསྐལ་བ་ཡར་འགྲོ་རོགས།
འཇིག་རྟེན་ངོ་མཚར་ཆེ་ས།
སྤང་རྒྱན་མེ་ཏོག་ལགས།
ང་ཡི་ཕ་ཡུལ་ཡིན་སོང་། ཕ་ཡུལ་ཡིན་སོང་།
ནུབ་ཕྱོགས་མཐོན་པའི་རྫ་ནས།
སྤང་རྒྱན་མེ་ཏོག་ལགས།
རྨ་ཆུ་དང་འབྲི་ཆུ་མཆེད་སོང་།
བསྐལ་བ་ཡར་འགྲོ་རོགས།
འཇིག་རྟེན་ངོ་མཚར་ཆེ་ས།
སྤང་རྒྱན་མེ་ཏོག་ལགས།
ང་ཡི་ཕ་ཡུལ་ཡིན་སོང་། ཕ་ཡུལ་ཡིན་སོང་།
སྤང་རྒྱན་མེ་ཏོག སྤང་རྒྱན་མེ་ཏོག
ང་ཡི་སེམས་ནང་གི་སྤང་རྒྱན་མེ་ཏོག
སྤང་རྒྱན་མེ་ཏོག སྤང་རྒྱན་མེ་ཏོག
ང་ཡི་སེམས་ནང་གི་སྤང་རྒྱན་མེ་ཏོག
ནོར་ལུག་རྦ་རླབས་ཁྲོད་ན།
སྤང་རྒྱན་མེ་ཏོག་ལགས།
སྤྲ་གུར་དང་མེ་ཏོག་འཛུམ་སོང་།
བསྐལ་བ་ཡར་འགྲོ་རོགས།
ཁ་བཏགས་དཀར་པོ་དར་ས།
སྤང་རྒྱན་མེ་ཏོག་ལགས།
ང་ཡི་ཕ་ཡུལ་ཡིན་སོང་། ཕ་ཡུལ་ཡིན་སོང་།
ང་ཡི་ཕ་ཡུལ་ཡིན་སོང་། ཕ་ཡུལ་ཡིན་སོང་།