作词 : 甲夏尔•拉巴扎西
作曲 : 甲夏尔•拉巴扎西
བརྩེ་དུང་ལས་ཆང་མངར།
ཚིག། ལྷག་པ་བཀྲ་ཤིས།
གདངས། ལྷག་པ་བཀྲ་ཤིས།
ལེན་མཁན། ཚེ་རིང་ནོར་བུ།
ཡིག་སྒྱུར། ལྷག་པ་བཀྲ་ཤིས།
རོལ་དབྱངས་སྒྲིག་བཟོ། འགྱུར་མེད་ས་བོན།
སྒྲ་ཕབ། འགྱུར་མེད་ས་བོན།
སྔོན་མ་ང་གཉིས་མཉམ་དུ་སྐྱིད་པོ་འདི་འདྲས།
ཁ་རྩོད་ཤོར་ཡང་རྗེས་སུ་གད་མོ་འཚེར་འཚེར།
འདི་ནས་རྗེས་སུ་འཚོ་བའི་དཀའ་སྡུག་འཕྲད་དུས།
ཁྱེད་ལ་དགོས་པའི་བདེ་སྐྱིད་ང་ལ་མིན་འདུག་ཟེར།
ཁྱོད་རང་ལ་དགའ་པོ་ལ་བྱས་པ་ལས།
ཐ་མག་གཅིག་འཐེན་ན་སྐྱིད་པ།
ཐ་མག་ལ་མེ་གཅིག་སྤར་ནས།
བརྩེ་དུང་དེ་དུ་བའི་དཀྱིལ་ནས་གློད་ཆོག
ཐ་མག་ལ་མེ་གཅིག་སྤར་ནས།
བརྩེ་དུང་དེ་དུ་བའི་དཀྱིལ་ནས་གློད་ཆོག།
མེ་ཚེ་ཁྱོད་དང་མཐའ་ཁྱོལ་བྱུང་ན་བསམ་བྱུང་།
རྫུན་གཏམ་འོག་ནས་ང་ཡི་རེ་བ་འཐོར་སོང་།
གལ་སྲིད་ཁྱེད་རང་ཁོང་ལ་དགའ་པོ་ཡོད་ན།
ལོ་མང་གཅད་པའི་སྦི་རག་ང་ཡི་ཞབས་ཏག་རྒྱབ།
ཁྱོད་རང་ལ་བརྩེ་དུང་བཅང་བ་ལས།
སྦེ་རག་གཅིག་ཐུང་ན་དགའ་བ།
བརྩེ་དུང་འདེ་སྦེ་རག་ནང་དུ་བླུགས་ནས།
ཞབས་ཏག་དེ་ཀྲོག་ཟེ་ག་ལ་རྒྱབ་ཆོག
བརྩེ་དུང་འདེ་སྦེ་རག་ནང་དུ་བླུགས་ནས།
ཞབས་ཏག་དེ་ཀྲོག་ཟེ་ག་ལ་རྒྱབ་ཆོག
གལ་སྲེད་ཁྱོད་དགོས་པའི་བདེ་སྐྱིད་དེ་བུ་ངའི་ལུས་ལ་མེད་ན།
ཁྱོད་རང་ཁོང་དང་མཉམ་དུ་སོང་ན།
བུ་ངས་ཁྱོད་གཉིས་ལ་སྨོན་འདུན་ཞུས་ཆོག།