作词 : 登真嘉措
作曲 : 德白
འབྲོང་མོ་རྭ་རིང་མ།
ཚིག བསྟན་འཛིན་རྒྱ་མཚོ།
དབྱངས། གདུ་བྷེ།
ལེན་མཁན། དཔལ་ཡུལ་བཀྲ་ཤིས
རྫ་ཁྲ་ཡག་འབྲོང་མོ་རྭ་རིང་མ། །
ཁྱོའི་མ་ལོ་སྡིག་ཅན་རྔོན་པས་བརླགས། །
ཁྱོས་དོན་མེད་སྦྲང་མ་རྭ་རྩེར་དྲངས། །
དེ་མ་བྱེད་འབྲོང་མོ་རྭ་རིང་མ། །
ཡེ་དགོ་དགོ་མཛོ་མོ་རྒྱ་རིས་མ། །
ཁྱོའི་རྟོལ་ལུ་ཁྱིམ་བདག་ཨ་མས་ཁྱེར། །
ཁྱོས་དོན་མེད་ཁྱི་འུ་སྐོར་བདའ་བླངས། །
དེ་མ་བྱེད་དགོ་དགོ་གཡང་ལ་མ། །
ཨ་འཇིག་རྟེན་རྒན་པོ་ཚེ་རིང་རྒྱ།
ཁྱོའི་མིག་ནང་བལྟས་ནས་ངོ་ཆེན་བསྐྱབས།
ཁྱོས་གཉོམ་ཆུང་ཐུར་ལ་རྣ་སྡུག་བྱས།
འདི་མ་བྱེད་ཨ་ཁུ་ཚེ་རིང་རྒྱ།
ཁྱོས་གཉོམ་ཆུང་ཐུར་ལ་རྣ་སྡུག་བྱས།
འདི་མ་བྱེད་ཨ་ཁུ་ཚེ་རིང་རྒྱ།