མཛེས་སྡུག་ལྡན་པའི་་ཡུའུ་་ཧྲུའུ་རྩྭ་ཐང་།
ཚིག པད་རྒྱལ་བཀྲ་ཤིས།
དབྱངས ཀུན་དགའ་ཚེ་བརྟན།
ལེན་མཁན། ལ་ཁའི•དགེ་ལེགས་ཆོས་འཕེལ།
མཛེས་སྡུག་ངོ་མཚར་གྱི་ཡུའུ་་ཧྲུའུ་རྩྭ་ཐང་།
ལོ་སྟོང་གངས་ཆབ་དཀྱིལ་ནས་ཕུན་ཚོགས་དཔལ་ཡོན་གསོ།
འབྲི་ཆུ་རིང་མོས་མཁའ་མཐའི་མཆོད་རྟེན་བསྐྲུན།
རྨ་ཆུ་བཞུར་རྒྱུན་ཁྲོད་ནས་ཁྲག་རྩའི་གླུ་སྒྲ་གྱེར།
བགྲང་ཡས་རི་ཀླུང་བརྒྱུད་ནས་རྫ་ཆུའི་སྔོན་མོ་ཡིས།
མཐོ་སྒང་གི་གཟི་དཔལ་གང་ས་ཀུན་ནས་གླུ་རེ་ལེན།
སྒེག་ཉམས་སྤྲོ་བའི་ཁམས་པ་ཡུའུ་ཧྲུའུ་མི་དམངས་ཡིས།
ལོ་སྟོང་ཉམས་མེད་ཀྱི་སྙིང་སྟོབས་རྒྱུན་བསྲིངས་ནས།
ཞུམ་མེད་སྤོབས་པས་གངས་ལ་བསྟོད་པའི་རྡོ་རིང་བསླངས།
དཔའ་ངར་ཆེན་པོས་དུས་རབས་གསར་བའི་ལམ་ཆེན་གཏོད།
ལས་ལ་བརྩོན་ཞིང་གཞན་ཕན་ཆེ་བའི་ཁམས་པའི་ཡུའུ་ཧྲུའུ་བས།
འོད་སྟོང་འཕྲོ་བའི་ཉི་མ་བདེ་སྐྱིད་ལམ་དུ་འདྲེན།
མཛེས་སྡུག་ངོ་མཚར་གྱི་ཡུའུ་་ཧྲུའུ་རྩྭ་ཐང་།
ཁྱེད་ནི་གངས་ལྗོངས་ས་ཆའི་མུ་ཏིག་དོ་ཤལ་ཡིན།
ཁྱེད་ནི་གེ་སེར་རྒྱལ་པོའི་གཟི་འོད་འབར་ས་རེད།
ཁྱེད་ནི་ཤམ་བྷ་ལ་ཡི་ངོ་མཚར་ཁྱིམ་གཞིས་ཡིན།
ཁྱེད་ནི་ཤམ་བྷ་ལ་ཡི་ངོ་མཚར་ཁྱིམ་གཞིས་ཡིན།
ངོ་མཚར་ཁྱིམ་གཞིས་ཡིན།
ངོ་མཚར་ཁྱིམ་གཞིས་ཡིན།