སྒྲོལ་དཀར་འཚོ།
བྱ་ཁྲུང་ཁྲུང་ཞིག་གི་གཤོག་སྣེ་ན། །
ཆུང་བརྩེ་བ་འཐུ་རོགས་སྒྲོལ་དཀར་འཚོ། །
ངའི་སེམས་པ་གཙང་བོའི་འགྲམ་ན་ཡོད། །
ངའི་དུངས་བ་ཁྱོད་ཀྱི་རུམ་ན་ཡོད། །
སྨུག་ཀྱ་ཀྱུས་ལམ་ཁ་མ་བཀག་ན། །
སྤུན་ན་ཟླས་འདི་ཕྱི་མ་བཅད་ན། །
གཏམ་ཀུ་རེ་དགོད་འཚར་ཁྱེར་ནས་འོང་།།
དགུང་སྐར་མའི་གྲངས་ཀ་འུ་གཉིས་བརྩི། །
སྒྲོལ་དཀར་འཚོ།
སྒྲོལ་དཀར་འཚོ།
ངའི་སེམས་པ་གཙང་བོའི་འགྲམ་ན་ཡོད། །
ངའི་དུངས་བ་ཁྱོད་ཀྱི་རུམ་ན་ཡོད། །
ངའི་སེམས་པ་གཙང་བོའི་འགྲམ་ན་ཡོད། །
ངའི་དུངས་བ་ཁྱོད་ཀྱི་རུམ་ན་ཡོད། །
ཆང་ཞིམ་པོའི་བྲོ་བ་ཁྱོད་ལ་སྟེར།།
མདང་རྨིས་པའི་རྨི་ལམ་ཁྱོད་ལ་བཤད། །
ང་ཤི་ཡང་མིག་གིས་བལྟ་ས་ཡིན། །
ལས་གཅིག་ལ་སྨིན་པའི་སྨོན་ལམ་འདེབས། །
སྒྲོལ་དཀར་འཚོ།
སྒྲོལ་དཀར་འཚོ།
ང་ཤི་ཡང་མིག་གིས་བལྟ་ས་ཡིན། །
ལས་གཅིག་ལ་སྨིན་པའི་སྨོན་ལམ་འདེབས། །
ང་ཤི་ཡང་མིག་གིས་བལྟ་ས་ཡིན། །
ལས་གཅིག་ལ་སྨིན་པའི་སྨོན་ལམ་འདེབས། །
སྒྲོལ་དཀར་འཚོ།
སྒྲོལ་དཀར་འཚོ།
ང་ཤི་ཡང་མིག་གིས་བལྟ་ས་ཡིན། །
ལས་གཅིག་ལ་སྨིན་པའི་སྨོན་ལམ་འདེབས། །
ངའི་སེམས་པ་གཙང་བོའི་འགྲམ་ན་ཡོད། །
ངའི་དུངས་བ་ཁྱོད་ཀྱི་རུམ་ན་ཡོད། །
ངའི་དུངས་བ་ཁྱོད་ཀྱི་རུམ་ན་ཡོད། །