作词 : 周桑尕白
作曲 : 百去杰
སྒྲ་སྙན་དང་མེས་པོ།
扎念和祖先
གཞས་ཚུགའབྲོག་སེང་སྐལ་བྷེ།
作词:周桑尕白
གཞས་གདངས།འབེ་མཆོག་སྐྱབས།
作曲:百去杰
གཞས་པ།འབེ་མཆོག་སྐྱབས།
原唱:百去杰
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
དགུང་ཉི་ཟླ་ཉིན་སྲིབ་བར་ནས་བོར།།
ལོ་ཟླ་བ་གཡས་དང་གཡོན་ནས་ཤོར།།
རྟག་མི་རྟག་འཇིག་རྟེན་གྲུ་ཟུར་ན།།
ལག་སྒྲ་སྙན་དཀྲོལ་བའི་མེས་པོ་ཁྱེད།།
གངས་པདྨའི་གདན་གྱི་རྣལ་འབྱོར་བ།།
སྙན་འཇིག་རྟེན་ཁམས་འདིའི་སྒྱུ་རྩལ་པ།།
དབྱངས་རྣམ་དཔྱོད་གཉིས་ཀྱི་རྟོག་གེ་བ།།
བྱ་རྒོད་པོའི་གཤོག་རྩེར་ཡིད་དབང་བཏབ།།
འབྲོང་དར་མའི་རྭ་རྩེར་སྤོབས་པ་བཅོལ།།
ཆུ་གཙང་བོའི་ངོགས་ལ་ཕུགས་བསམ་བསྲིངས།།
ལག་སྒྲ་སྙན་དཀྲོལ་བའི་མེས་པོ་ཁྱེད།།
སྟོད་རྫ་རིའི་ཁུག་གི་རྫི་གླུ་ཡིན།
སྨད་གྲོ་ཞིང་རྣང་མའི་ནས་གླུ་ཡིན།།
ངག་དགོ་དགོ་འགུག་པའི་བཞོ་དབྱངས་ཡིན།།
ས་འདི་ཡི་ས་ངོ་མ་བརྗེད་དགོས།།
སྔོན་སྲིད་པའི་ཆགས་གླུ་དེ་ནས་དར།།
གོས་དྭངས་རྩེ་གངས་ཅན་བུ་མོའི་བརྒྱན།།
ལུས་ལང་ཚོའི་དར་གླུ་དེ་ནས་ཚུགས།།
ལག་སྒྲ་སྙན་དཀྲོལ་བའི་མེས་པོ་ཁྱེད།།
སེམས་མཐའ་ཡས་སྐལ་བ་སྔོན་མ་ཡིན།།
བོད་སྲིད་པའི་མགུར་ཆེན་ང་ལ་བཞག།