作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ བྱམས་བརྩེ་སྟོང་ལྡན། ༽
ཚིག་གདངས་ གུ་གེ་བློ་བཟང་ / པདྨ་བསྟན་འཛིན།
གཞས་པ་ བསྟན་པ་རྒྱན་མཚན་ / ཚེ་རིང་ཆུང་བ།
དྲྭ་ཐོག་བསྒྲིག་བཟོ་འགྲེམ་སྤེལ་ སྒང་ • ལྷག་རྒོད།
བྱམས་བརྩེ་སྟོང་ལྡན་ཕ་དང་མ།
མུན་སེལ་སྒྲོན་མེ་ཡིན།
སྦར་མོ་གང་ནས་གསོས་གནང་མཁན།
བྱམས་ལྡན་སྐྱེས་མ་ཡིན།
བྱམས་བརྩེ་སྟོང་ལྡན་ཕ་དང་མ།
མུན་སེལ་སྒྲོན་མེ་ཡིན།
སྦར་མོ་གང་ནས་གསོས་གནང་མཁན།
བྱམས་ལྡན་སྐྱེས་མ་ཡིན།
པཱ་ལགས་ཀྱིས་ང་ལ་གནང་བའི་བསླབ་བྱ་འདི།
ངའི་སེམས་ཀྱི་ཉི་མ་དམར་པོ་ཡིན།
ཨ་མ་ལགས་ཀྱིས་ང་ལ་གནང་བའི་བྱམས་སྐྱོང་འདི།
བུ་ང་ཡི་སེམས་པའི་གཏིང་ལ་ཡོད།
འགྲེམ་སྤེལ་ སྒང་• ལྷག་རྒོད།
བོད་གཞས་གསན་པར་ཐུགས་བརྗེ་ཆེ།
བྱམས་བརྩེ་སྟོང་ལྡན་ཕ་དང་མ།
མུན་སེལ་སྒྲོན་མེ་ཡིན།
སྦར་མོ་གང་ནས་གསོས་གནང་མཁན།
བྱམས་ལྡན་སྐྱེས་མ་ཡིན།
བྱམས་བརྩེ་སྟོང་ལྡན་ཕ་དང་མ།
མུན་སེལ་སྒྲོན་མེ་ཡིན།
སྦར་མོ་གང་ནས་གསོས་གནང་མཁན།
བྱམས་ལྡན་སྐྱེས་མ་ཡིན།
པཱ་ལགས་ཀྱིས་ང་ལ་གནང་བའི་བསླབ་བྱ་འདི།
ངའི་སེམས་ཀྱི་ཉི་མ་དམར་པོ་ཡིན།
ཨ་མ་ལགས་ཀྱིས་ང་ལ་གནང་བའི་བྱམས་སྐྱོང་འདི།
བུ་ང་ཡི་སེམས་པའི་གཏིང་ལ་ཡོད།
ནམ་མཁའི་བླ་མ་དཀོན་མཆོག་ཐུགས་རྗེ་གཟིགས།
དྲིན་ཆེན་ཕ་མའི་སྐུ་ཚེ་རིང་བ་ཤོག།
ནམ་མཁའི་བླ་མ་དཀོན་ཆོག་ཐུགས་རྗེ་སྤྱན་གྱིས་གཟིགས།
ཕ་མ་གཉིས་པོ་ཚེ་རིང་ལོ་བརྒྱ་ཤོག།
ཨ་ཕ། ང་ཡི་ཨ་ཕ་ལགས།
ཁྱེད་སྐུ་ཚེ་ལ་བར་ཆད་མེད་པར་ཤོག།
ཨ་མ། ང་ཡི་ཨ་མ་ལགས།
ཁྱེད་དུས་ནམ་ཡང་ཚེ་རིང་ལོ་བརྒྱ་ཤོག།
ཁྱེད་དུས་ནམ་ཡང་ཚེ་རིང་ལོ་བརྒྱ་ཤོག།
滚动歌词贡献者:岗•拉贵