编曲 : 格尔李帅
ང་གཉིས་མཐུན་པོ་བྱུང་ན།
ཚིག་རྩོམ་མཁན། གངས་དཔལ།
དབྱངས་རྩོམ་མཁན།རྟའུ་བློ་བཟང་དཔལ་ལྡན།
ལེན་མཁན། མགར་བསམ་འགྲུབ་ཚེ་རིང་དང་ཀླུ་མོ་མཚོ།
ཕོ།
དང་པོར་ཕུལ་བའི་ཁ་བཏགས་ཨ་ཤེ།
དེ་འདྲའི་གཞུན་པོ་ལེགས་པོ་ཞིག་མ་རེད།
ཡུག་ཡུག་ཙམ་གྱིས་ཞབས་དྲུང་དུ་བཞག་པས།
ཐུགས་ལ་འཇགས། ཐུགས་ལ་འཇགས། མ་གསུང་།
མོ།
དངོས་སུ་ང་ལ་མཇལ་སྙིང་ཞིག་བྱུང་ན།
བཀྲས་བཏགས་མཇལ་དར་དགོས་ལེ་ཞིག་མ་རེད།
དགེ་བ་བཅུ་ལ་སྙེམས་ཆུང་ཞིག་གནོང་དང་།
དཀོན་མཆོག་དབུ་ཡོགས་ཡོང་ལེ་ཞིག་མ་རེད།
ཕོ།
སྙིང་རྗེའི་དབང་གིས་མཇལ་དམངས་ལ་དྲིས་པས།
བློ་བདེ་བོ་རྒྱང་རིང་གི་སྟེང་མ།
སྟེང་མར་འཕྲད་པ་ཐུགས་མཐུན་པོ་བྱུང་ན།
ངའི་སྒོ་གསུམ་ཁྱེད་ལ་ནས་ཕུལ་ཡིན།
མོ།
སྙིང་རྗེའི་དབང་གིས་མཇལ་དམངས་ལ་དྲིས་པས།
བློ་བདེ་བོ་རྒྱང་རིང་གི་སྟེང་མ།
སྟེང་མར་འཕྲད་པ་ཐུགས་མཐུན་པོ་བྱུང་ན།
ངའི་སྒོ་གསུམ་ཁྱེད་ལ་ནས་ཕུལ་ཡིན།
མཉམ།
ཧོ། ག་ལེ་ལེར་ཐུགས་བསམ་རེ་བགྱིས་དང་།
ཧོ། ག་ལེ་ག་ལེར་གཏམ་པོ་རེ་གནོང་དང་།
ཧོ། སྟེང་མར་འཕྲད་པ་ཐུགས་མཐུན་པོ་ཡོང་ཤོག
ཕོ།
དང་པོར་འགྲོགས་པའི་ཉམས་དགའི་བུ་མོ།
དེ་འདྲའི་མྱི་གཤིས་དག་པོ་ཞིག་མ་རེད།
འདུས་བྱས་འཚོ་བ་ག་ཆད་དུ་ངུས་པས།
བདེ་མོ་བྱོས། བདེ་མོ་བྱོས། གསུང་བྱུང་།
མོ།
སྔོན་བྱས་ལས་ལ་འཁང་ར་ནི་མི་ཡོང་།
མི་འགྱུར་བརྩེ་བའི་བཀའ་ཁྲ་རེ་གནོང་དང་།
མཆོད་པའི་ལང་ཚོའི་མེ་ཏོག་ནི་མེད་ཀྱང་།
ཚེ་མཇུག་བར་དུ་སྐྱིད་སྡུག་ལ་འདྲེས་ཆོག
ཕོ།
ཁྱིམ་སྲིད་དམ་ཀྱང་བློ་མཐུན་པོ་བྱུང་ན།
ཡིད་ཚིམ་པའི་འཇིག་རྟེན་གྱི་སྣང་བ།
ལས་མཐུན་འུ་གཉིས་བདག་ཆགས་ཞིག་བྱུང་ན།
ངའི་གང་ཡོད་ཁྱེད་ལ་ནས་ཕུལ་ཡིན།
མོ།
ཁྱིམ་སྲིད་དམ་ཀྱང་བློ་མཐུན་པོ་བྱུང་ན།
ཡིད་ཚིམ་པའི་འཇིག་རྟེན་གྱི་སྣང་བ།
ལས་མཐུན་འུ་གཉིས་བདག་ཆགས་ཞིག་བྱུང་ན།
ངའི་གང་ཡོད་ཁྱེད་ལ་ནས་ཕུལ་ཡིན།
མཉམ།
ཧོ། ག་ལེ་ག་ལེར་ཐུགས་བསམ་རེ་བགྱིས་དང་།
ཧོ། ག་ལེ་ག་ལེར་གཏམ་པོ་རེ་གནོང་དང་།
ཧོ། ཁྱོད་དང་འུ་གཉིས་ལས་མཐུན་པོ་ཡོང་ཤོག
ཧོ། ག་ལེ་ག་ལེར་ཐུགས་བསམ་རེ་བགྱིས་དང་།
ཧོ། ག་ལེ་ག་ལེར་གཏམ་པོ་རེ་གནོང་དང་།
ཧོ། ཁྱོད་དང་འུ་གཉིས་ལས་མཐུན་པོ་ཡོང་ཤོག
ཧོ། ཁྱོད་དང་འུ་གཉིས་ལས་མཐུན་པོ་ཡོང་ཤོག