作词 : 拉热巴
作曲 : 扎西东智
བོད་ཀྱི་གཉེན་སྟོན་བརྗོད་གཞས༼ཨ་འགྲིག་ཆ་འགྲིག༽
藏风婚礼主题曲《天作之合》
ཨ་འགྲིག་ཆ་འགྲིག
天作之合
ཚིགལྷ་རུས་པ།
作词:拉热巴
དབྱངས། བཀྲ་ཤིས་དོན་གྲུབ།
作曲:扎西东智
བསྐྱར་ལེན་མཁན།འཇིགས་མེད་དགའ་བ།
演唱:久迈嘎瓦
ཨ་འགྲིག་ཆ་འགྲིག་གཉེན་སྟོན་ཡང་འགྲིག་རེད།
མག་གསར་གཡུ་འབྲུག་དགོང་གི་འཁྱུག་འདྲ་རེད།
བག་གསར་རྨ་བྱའི་སྒྲོ་གར་ཕུག་འདྲ་རེད།
ཕ་ཞང་མ་ཞང་མཐུན་པ་སྤུན་བཞི་རེད།
ཕ་ལོས་ལྷ་ཁང་མདུན་ནས་སྐྱབས་ཞིག་བཅོས།
མ་ལོས་མཆོད་ཁང་མདུན་ནས་ཕྱགས་གསུམ་མཚལ།
ཁྱེད་གཉིས་སྐྱིད་སྡུག་ཡོད་ཚད་ལྷ་ལ་བཅོས།
ཁྱེད་བཟའ་ཟླ་གཉིས་ལ་བྱ་བ་ལམ་འགྲོ་ཤོག
ཨ་འགྲིག་ཆ་འགྲིག་གཉེན་སྟོན་ཡང་འགྲིག་རེད།
མག་གསར་དགོང་གི་ཐོ་རེངས་སྐར་ཆེན་རེད།
བག་གསར་དགོང་གི་སྨིན་དྲུག་ཁྲ་མོ་རེད།
ཕུ་ནུ་མིང་སྲིང་ཚེ་རིང་རྣམ་དྲུག་རེད།
ཕ་ལོས་ད་ནངས་སྲུང་མར་བསང་ཞིང་ཕུད།
མ་ལོས་ད་ནངས་འོ་མའི་མཆོད་གསུམ་འཕེན།
ཁྱེད་གཉིས་སྐྱིད་སྡུག་ཆོས་སྐྱོངས་སྲུང་མ་བཅོས།
ཁྱེད་བཟའ་ཟླ་གཉིས་ལ་ཅི་བསམས་དོན་འགྲུབ་ཤོག
ཨ་འགྲིག་ཆ་འགྲིག་གཉེན་སྟོན་ཡང་འགྲིག་རེད།
མག་གསར་ཕ་བཟང་ཚང་གི་བུ་རྒོད་རེད།
བག་གསར་ཞང་བཟང་ཚ་མོ་རེད།
ཁ་ཡ་ན་ཟླ་བཀྲ་ཤིས་རྟགས་བརྒྱད་རེད།
ཕ་ལོས་དེ་རིང་རྟ་ཕོར་སྒ་ཆ་བསྟད།
མ་ལོས་ཨ་འཇམ་ལུག་ཆུང་ཚར་ལྭ་སྐོན།
བཀྲ་ཤིས་གཉེན་སྟོན་བཟང་པོ་དེ་རང་བསུ།
ཁྱེད་བཟའ་ཟླ་གཉིས་གའི་བསམ་པའི་དོན་ཀུན་འགྲུབ།