作词 : 热西·嘎玛桑登
作曲 : 索朗达吉(女歌手)
གངས་རིའི་འདབས་ནས་ཡོང་ཡིན།
གངས་ཆབ་འཐུང་ནས་སླེབས་ཡོད
གངས་ལྷ་མེ་ཏོག་ངིད་གཉིས།
ལ་གླུ་ལེན་བཞིན་ལེན་བཞིན།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ་རེད
སྤུན་ན་ཟླ་འཛོམས་དུས་ཇེ་སྐྱིད་རེད
སྤང་ཐང་སྟེང་ནས་ཡོང་ཡིན།
སྤང་རྩི་འཐུ་ནས་སླེབས་ཡོད
སྤང་རྒྱན་མེ་ཏོག་ངིད་གཉིས།
ཞབས་བྲོ་འཁྲབ་ཀྱིན་འཁྲབ་ཀྱིན།
ཐག་རིང་ཡོང་བའི་མགྲོན་པོ་
ཇ་ཆང་གཉིས་ཀྱི་བསུ་མ་ཡོད
ལ་གླུ་རྣ་ལ་སྙན་བྱུང།
ཞབས་བྲོ་མིག་ལ་མཛེས་སོང།
སྤུན་དང་ན་ཟླ་འཛོམས་འཛོམས།
ལ་མོའི་རྒྱབ་ལ་འཛོམས་སོང།