作词 : 次林
作曲 : 根呷曲尼
编曲 : 比如扎西音乐圈
ལས་ཀྱི་སྙིང་སྡུག །
གཞས་གཏོང་མཁན། བསྟན་འཛིན་ཆོས་སྒྲོན།
སྤང་མེ་ཏོག་དབྱར་གྱི་ནང་ན་བཞད། །
མཛེས་ལང་ཚོའི་མེ་ཏོག་ཞལ་ཁ་བྱེ། །
གླུ་འགྱུར་ཁུག་ལྡན་པའི་སྟག་ཤར་ལགས། །
དེ་ང་ཡི་ཆུང་དུས་འདྲིས་རོགས་ཡིན། །
ཡུལ་སློབ་ཆུང་འགྲིམ་པའི་ལོ་ཟླ་ནང་། །
སེམས་གངས་དཀར་འདྲེས་པའི་ན་གཞོན་ལགས། །
དགའ་ལྷད་མེད་འཛུམ་ཁ་གྲོལ་ཞོར་དུ། །
གནས་ཤེས་རིག་ལམ་ལ་སྐྱོད་རོགས་ཡིན། །
ང་ཆུང་དུས་རྩེད་སའི་ཆུ་འགྲམ་ན། །
རྟ་འདོ་བའི་བང་རྩལ་འགྲན་རོགས་དེ། །
ཆུང་གཞོན་པའི་རྩེད་སའི་རོགས་ལོ་ཡིན། །
དེ་གངས་དཀར་སེམས་ནས་ཡིད་ལ་དྲན། །
ང་དང་པོ་འགྲིམ་སའི་རྒྱང་རིང་ནས། །
ཆུང་བརྩེ་རོགས་མི་འབྲལ་དམ་བཅའ་ཡོད། །
རྩི་མེ་ཏོག་འཐུ་བའི་འཐུ་རོགས་ཡིན། །
ངའི་དུང་བ་ཁྱོད་ཀྱི་འོ་མ་ཡིན། །
ལག་ཕྲེང་བ་ཅན་དེ་མ་བྲལ་ན། །
ཡིད་བརྩེ་དུང་སུ་ཡིས་འཇོམས་པར་ནུས། །
ངའི་ཡོད་ཚད་ཤོར་བའི་ན་གཞོན་ལགས། །
ཚེ་འདི་ལ་དུང་བའི་འཁྲི་ཤིང་ཡིན། །
歌词滚动者:康索次