作词 : 扎更巴
作曲 : 三智才让
编曲 : 三智文化传媒/夏雄·扎西多杰
翻译:华本加
吉他:王冬东
录音:三智文化传媒-萍子
混音:三智文化传媒-萍子
音乐总监:三智才让
སྤྲིན་དཀར་དབུ་ཞྭ་ཅན་གྱི་རྫ་འདབས་ན། །
རྫ་འདབས་མེ་ཏོག་སྣ་བརྒྱའི་སྤང་ཁུག་ན། །
ཁ་སེམས་དྭངས་གཙང་ཡིན་པའི་འུ་གཉིས་ཀ །
ལག་རྡང་སྦྲེལ་ནས་འཇའ་རིས་བདའ་རོགས་ཡིན། །
སྤྲིན་ལ་དམར་མདངས་ཆགས་པའི་སྲོད་ཁ་ན། །
སྲོད་རླུང་བསིལ་བསིལ་འཇམ་པའི་རི་ཁ་ན། །
འདང་བརྩེའི་གླུ་སྐད་འདྲེས་པའི་འུ་གཉིས་ཀ །
གཡང་དཀར་ལུག་ཁྱུ་ལྷས་ལ་སྐྱིལ་རོགས་ཡིན། །
གཡང་དཀར་ལུག་ཁྱུ་ལྷས་ལ་སྐྱིལ་རོགས་ཡིན། །
མཁའ་དབྱིངས་སྐར་མས་ཁེབས་པའི་མཚན་ཀློང་ན། །
མཚན་མོའི་ཟླ་འོད་དཀར་པོའི་གུར་ནང་ན། །
སྨོན་པ་ཁྱིམ་གཅིག་ཡིན་པའི་འུ་གཉིས་ཀ །
ཕན་ཚུན་འཁྱུད་ནས་དགུན་ནུབ་སྐྱེལ་རོགས་ཡིན། །
གློག་འོད་ཁྲ་ལམ་ལམ་གྱི་གྲོང་ཁྱེར་ན། །
གྲོང་མི་སྣ་བརྒྱའི་བསམ་བློའི་ཁུག་སོ་ན། །
ལས་བསྐོས་ཁ་ཁ་ཡིན་པའི་འུ་གཉིས་ཀ །
འདས་པའི་ལོ་ཟླ་སྐྱིད་ལ་བསྒོམ་རོགས་ཡིན། །
གློག་འོད་ཁྲ་ལམ་ལམ་གྱི་གྲོང་ཁྱེར་ན། །
གྲོང་མི་སྣ་བརྒྱའི་བསམ་བློའི་ཁུག་སོ་ན། །
ལས་བསྐོས་ཁ་ཁ་ཡིན་པའི་འུ་གཉིས་ཀ །
འདས་པའི་ལོ་ཟླ་སྐྱིད་ལ་བསྒོམ་རོགས་ཡིན། །
འདས་པའི་ལོ་ཟླ་སྐྱིད་ལ་བསྒོམ་རོགས་ཡིན། །