作词 : 叶热岗
作曲 : 蒙萨•平措诺布
编曲 : 涂音音乐
ང་ཡི་རྟ་ཕོ།
ཚིག་རྩོམ་མཁན། གཡེ་རུས་རྐང་།
དབྱངས་རྩོམ་མཁན། མོན་ཚ་ཕུན་ཚོགས་ནོར་བུ།
གཞས་གཏོང་མཁན། མོན་ཚ་ཕུན་ཚོགས་ནོར་བུ།
སྒྲ་འཇུག བཀྲ་ཤིས་དོན་འགྲུབ།
སྐད་སྡེབ། མོན་ཚ་ཕུན་ཚོགས་ནོར་བུ། སྤེན་པ་ཚེ་རིང་།
སུག་བཞི་གོམ་ལག་མྱུར་བ།།
གོམ་ལག་རླུང་གི་འཁོར་ལོ།།
སྟག་ཤར་སྣང་འགྲོའི་སེམས་པ།།
སྐྱི་བསེར་རླུང་ལ་བསྲེས་ཡོད།།
རྟ་ཕོ། རྟ་ཕོ།
གོམ་ལག་མྱུར་བའི་རྟ་ཕོ།
རྟ་ཕོའི་སུག་བཞི་དངུལ་གྱིས་ཤན་པས།
གནམ་སའི་འདྲེས་མཚམས་བསྲེས་བྱུང་།
རྟ་ཕོ། རྟ་ཕོ།
བང་རྩལ་འཛོམས་པའི་རྟ་ཕོ།
རྟ་ཕོར་ཁྱུང་ཆེན་གཤོག་རྩལ་འཛོམས་ནས་ཡོད།
རྟ་ཕོ་ངེད་གཉིས་འགྲོ
གསེར་སྒ་གསེར་སྲབ་ངོགས་སུ།།
བྱུ་རུའི་ཕྲ་རྒྱན་བཏགས་ཡོད།།
གསེར་སྒ་ནོར་བུ་དགའ་འཁྱིལ།།
གསེར་སྲབ་ཆུ་མིག་དགུ་བསླེས།།
རྟ་ཕོ། རྟ་ཕོ།
མེ་རི་འཁྱིལ་བའི་རྟ་ཕོ།
རྟ་ཕོའི་སྒ་སྲབ་གསེར་གྱིས་ཤན་པས།
ཉི་ཟེར་བྱེ་བ་གཏུས་བྱུང་།
རྟ་ཕོ། རྟ་ཕོ།
སྤུ་མདོག་ཡག་པའི་རྟ་ཕོ།
རྟ་ཕོའི་མགོ་རྣ་ཀྲོག་ཀྲོག་འཛོམས་ནས་ཡོད།
རྟ་ཕོ་ངེད་གཉིས་འགྲོ
རྟ་ཕོའི་རྨིག་པས་ས་གཞི་བརྫིས་ནས།
རི་ལུང་ཐང་གི་ལྷིང་འཇགས་དཀྲོགས་བྱུང་།
རྟ་ཕོའི་བང་ཁ་རྩལ་གྱིས་བཏུས་ནས།
གནམ་སའི་སྐེ་རགས་ཤེད་ཀྱིས་གྲོལ་བྱུང་།
ཕོ་གསར་གྱི་ཁ་ལས་ཁུར་བའི་རྟ་མཆོག
ཁེར་རྐྱང་གིས་གནམ་ས་བརྒལ་རོགས་ཀྱི་ཅང་ཤེས་གཤོག་ཐོགས།
སྟོབས་ཤུགས་དང་སྙིང་རུས་ཀྱིས་གསོན་པའི་རྟ་མཆོག་རྒོད་པོ།
ཀི་བསྭོ་དང་ལྷ་བསང་གི་ཁྲོད་ནས་ངོམ་པའི་ལྷ་རྟ་རྒོད་པོ།
རྟ་ཕོའི་གོམ་ལག་བར་ན།།
གཡང་བཞི་བླ་རེ་བཀུག་ཡོད།།
རྟ་ཕོའི་མགོ་རྣ་ཀྲོག་ཀྲོག།
རི་ལུང་རྨིག་པས་བཅད་སོང་།།
རླུང་གི་གཤོག་པ་ཐོག་པའི།།
གཡང་གི་ལྷ་རྟ་རྒོད་པོ།།
རྟ་ཕོ། རྟ་ཕོ།
ཉི་ཟེར་འཁྱིལ་བའི་རྟ་ཕོ།
རྟ་ཕོའི་རྔ་རྔོག་རླུང་གིས་བཅགས་ནས།
རྒྱང་རིང་མིག་གིས་བཅད་བྱུང་།
རྟ་ཕོ། རྟ་ཕོ།
བརྩེ་འདང་འཁྱིལ་བའི་རྟ་ཕོ།
རྟ་བདག་གཡང་གི་རེ་བ་བསྐངས་ནས་ཡོད།
རྟ་ཕོ་ངེད་གཉིས་འགྲོ
རྟ་ཕོ། རྟ་ཕོ།
ཉི་ཟེར་འཁྱིལ་བའི་རྟ་ཕོ།
རྟ་ཕོའི་རྔ་རྔོག་རླུང་གིས་བཅགས་ནས།
རྒྱང་རིང་མིག་གིས་བཅད་བྱུང་།
རྟ་ཕོ། རྟ་ཕོ།
བརྩེ་འདང་འཁྱིལ་བའི་རྟ་ཕོ།
རྟ་བདག་གཡང་གི་རེ་བ་བསྐངས་ནས་ཡོད།
རྟ་ཕོ་ངེད་གཉིས་འགྲོ