作词 : 岗特
作曲 : 旦增加
编曲 : 谢尔巴
录音:央容阿东
人声后期:仁青东智
和声:旦增加
南措:
ལས་ཀྱི་མི་ཚེ་མར་མེ་རྐོང་བུ་གང་།
ཧོ་་་་་་ནམ་ཞིག་གཟིམས་འགྲོ་ངེས་གཏན་ཆ་མེད་རེད།
དྲིན་ཆེན་ཕ་མ་གཅེས་ཤེས་སྐྱོང་ཤེས་བྱོས།
ཧོ་་་་་་ཚིག་རྩུབ་སྐད་ཆའི་མྱི་སེམས་མི་གསོད་རོགས།
ནམ་ཞིག་འགྱོད་དུས་མི་ཚེ་ཚར་ནི་རེད།
ནམ་ཞིག་འགྱོད་དུས་མི་ཚེ་ཚར་ནི་རེད།
忠措:
མི་ལུས་གཡར་མ་མེ་ཏོག་པད་མའི་དཔེ།
ཡེ་་་་་་སད་དང་བསེར་བའི་ནམ་བཅོམ་ཆ་མེད་རེད།
གཉེན་དང་ནང་མིར་འགྲིག་ནི་མཐུན་ནི་བྱོས།
ཧོ་་་་་་ཕན་ཚུན་བར་ལ་ཁ་ཁོག་མི་འཛིན་རོགས།
ནམ་ཞིག་འགྱོད་དུས་མི་ཚེ་ཚར་ནི་རེད།
ནམ་ཞིག་འགྱོད་དུས་མི་ཚེ་ཚར་ནི་རེད།
南措:
འཇིག་རྟེན་མི་རྟག་འཁོར་བའི་སྒྱུ་མའི་གྲོང་།
ཧོ་་་་་་ང་ཚོ་ཚང་མ་འཁོར་བའི་མགྲོན་པོ་རེད།
忠措:
གྲོགས་དང་ན་ཟླར་ཕྱི་ཐག་རིང་ནི་བྱོས།
ཧོ་་་་་་རང་ཚུགས་བརྟན་པའི་དམ་བཅའ་མི་འགྱུར་རོགས།
南措:
ནམ་ཞིག་འགྱོད་དུས་མི་ཚེ་ཚར་ནི་རེད།
忠措:
ནམ་ཞིག་འགྱོད་དུས་མི་ཚེ་ཚར་ནི་རེད།
合:
མི་ཚེ་ཚར་ནི་རེད།