编曲 : 热桑梅朵
མཛའ་གཞས་དགུ་མདུད་མ།
九宫情歌
ཚིག མུར་སྤྱན་ཆབ །
词 木尔·贤齐
དབྱངས། རྫ་ཆུའི་ངག་དབང་།
曲 阿旺
གཞས་མ། རིག་བཟང་མེ་ཏོག
演唱 热桑梅朵
སྤང་ནས་མེ་ཏོག་འཐུ་ནོ་ང་རང་ཡིན ། །
草原上采花的是我
ཡག་གི་སྤུས་ཀ་སྒྲིག་ནོ་ཁྱེད་རང་ཡིན ། །
感动人心给的是你
གར་འགྲོ་མིག་གིས་འཚོ་ནོ་ཕ་མ་ཡིན ། །
过目不忘的是父母
རྩེད་ར་གཅིག་ལ་སྨོན་ནོ་ངེད་གཉིས་ཡིན ། །
愿一起喜乐是我俩
ཆུ་ཁའི་ཆུ་ཟོ་འཁུར་ནོ་ང་རང་ཡིན ། །
水边水桶背的是我
ལུག་ཁྱུ་རི་ལ་འདེད་ནོ་ཁྱོད་རང་ཡིན ། །
赶羊群上山的是你
གོས་ལྭ་གོས་ཚར་བཟོ་ནོ་ཕ་མ་ཡིན ། །
制造藏服的是父母
ཞེ་འདང་རི་མོ་འབྲི་ནོ་ངེད་གཉིས་ཡིན ། །
情怀之画我们而写
གཡང་གི་འབྲི་མོ་བསམ་ནོ་ང་རང་ཡིན། །
宠母牛保护的是我
འདོ་བ་རྟ་ལ་དགའ་ནོ་ཁྱེད་རང་ཡིན ། །
高原红马爱的是你
སྐྱབས་འཇུག་ལྷ་ལ་ཞུ་ནོ་ཕ་མ་ཡིན ། །
愿庇佑神仙是父母
སྨོན་ལམ་གཅིག་ལ་འདེབས་ནོ་ངེད་གཉིས་ཡིན། །
愿一切平安是我俩
དྲན་པའི་གླུ་ཆུང་ལེན་ནོ་ང་རང་ཡིན ། །
唱思念小曲的是我
ལས་ཀྱིས་སྡེ་མཐའ་སྐོར་ནོ་ཁྱེད་རང་ཡིན ། །
随缘弯到小村是你
ཚེ་ཡི་འདུན་མ་སྒྲིག་ནོ་ཕ་མ་ཡིན ། །
指导人生的是父母
དམ་ཚིག་ཞེ་ལ་འཛིན་ནོ་ངེད་གཉིས་ཡིན ། །
信守诺言是我们俩