作词 : 阿旺坚参/阿古甲遵
作曲 : 阿旺坚参/阿古甲遵
རེ་བ།།
ཚིག་གདངས། ལེན་མཁན། ངག་དབང་རྒྱན་མཚན།
ཤར་རི་རྩེའི་ཉི་མ་དམར་པོ་དེ།
ངའི་དྲིན་ཆེན་ཨ་ཕ་ཡིན་ན་བསམ།
ཤར་རི་རྩེའི་དཀར་གསལ་ཟླ་བ་དེ།
ངའི་དྲིན་ཆེན་ཨ་མ་ཡིན་ན་བསམ།
དུས་རྟག་ཏུ་འཇལ་བའི་རེ་བ་ཡིན།
ཨོའོ་་་་་ཕ་ལོ་མ་ལོ་ལགས།
ངའི་སེམས་ཀྱི་ཉི་ཟླ་ཨ་ཕ་ཨ་མ་ཡིན།
དུས་རྟག་ཏུ་འཇལ་བའི་རེ་བ་ཡིན།
སྤང་བདེ་མོར་འཚོ་བའི་ལུག་ཁྱུ་དེ།
ངའི་ལས་ཀྱི་སྤུན་ཆུང་ཡིན་ན་བསམ།
མཚོ་དྭངས་མའི་ཉ་ཆུང་གསེར་མིག་དེ།
ངའི་ལས་ཀྱི་སྤུན་ཆུང་ཡིན་ན་བསམ།
དུས་རྟག་ཏུ་འཇལ་བའི་རེ་བ་ཡིན།
ཨོའོ་་་ ལས་ཀྱི་སྤུན་ཆུང་ལགས།
ངའི་ཡིད་ཀྱི་སྤུན་ཆུང་ཚེ་འདིའི་སྤུན་ཆུང་ལགས།
དུས་རྟག་ཏུ་འཇལ་བའི་རེ་བ་ཡིན།
མཛེས་རྩ་ཐང་སྐལ་བཟང་མེ་ཏོག་དེ།
ངའི་ལས་ཀྱི་ཆུང་འདྲིས་ཡིན་ན་བསམ།
གནམ་སྟེང་ཀྱི་སྤྲིན་པ་དཀར་པོ་དེ།
ངའི་ལས་ཀྱི་ཆུང་འདྲིས་ཡིན་ན་བསམ།
དུས་རྟག་ཏུ་འཇལ་བའི་རེ་བ་ཡིན།
ཨོའོ་་་་་ཆུང་འདྲིས་བྱམས་པ་ལགས།
ངའི་ཡིད་ཀྱི་ཆུང་འདྲིས་བརྩེ་བའི་ཆུང་འདྲིས་ལགས།
དུས་རྟག་ཏུ་འཇལ་བའི་རེ་བ་ཡིན།
ཨོའོ་་་་་ཆུང་འདྲིས་བྱམས་པ་ལགས།
ངའི་ཡིད་ཀྱི་ཆུང་འདྲིས་ལགས།
སེམས་བརྩེ་བའི་ཆུང་འདྲིས་ལགས།
ཡིད་བརྩེ་བའི་ཆུང་འདྲིས་བྱམས་པ་དྲན།
དུས་རྟག་ཏུ་འཇལ་བའི་རེ་བ་ཡིན།
དུས་རྟག་ཏུ་འཇལ་བའི་རེ་བ་ཡིན།
ཨོའོ་་་་་་་་་