ཨེ་མ།བྱང་གི་རྩ་ཐང་སྣང་བ་སྐྱིད་པ་ལ།
སྣང་བ་སྐྱིད་པའི་གདམ་གཞུང་རྩ་ཐང་།
བུ་ལོ་ཆུང་ང་།སེམས་པ་དགའ་བ་ལ།
ལོ་ཡག་རྩ་བ་ཚུགས་སོང་།སེམས་པ་སྐྱིད་པ་ལ།
ཕྱུགས་རིགས་ཤ་ཤེད་རྒྱས་སོང་།
ཨེ་མ།བྱང་གི་མཚོ་མོ་སྣང་བ་སྐྱིད་པ་ལ།
སྣང་བ་སྐྱིད་པའི་གནམ་མཚོ་ཕྱུག་མོ།
བུ་ལོ་ཆུང་ང་།སེམས་པ་དགའ་བ་ལ།
མཚོ་སྔོན་མོ་དར་ཀ་ཕྱེ་སོང་།སེམས་པ་སྐྱིད་པ་ལ་ཡ།
འབྲུག་སྔོན་མོ་གནམ་ལ་འཕུར་སོང་།
ཨེ་མ།བྱང་གི་རྩ་ཐང་སྣང་བ་སྐྱིད་པ་ལ།
སྣང་བ་སྐྱིད་པའི་འདམ་ཤོད་དཀར་མོ།
བུ་ལོ་ཆུང་ང་།སེམས་པ་དགའ་བ་ལ།
བོད་ཁ་བ་ཅན་གྱི་གནས་མཆོགསེམས་པ་སྐྱིད་པ་ལ།
བུ་ང་ཡི་ཕ་ཡུལ་ཡིན་སོང་།
བུ་ང་ཡི་ཕ་ཡུལ་ཡིན་སོང་།
བུ་ང་ཡི་ཕ་ཡུལ་ཡིན་སོང་།