作词 : 丁增旺索
作曲 : 丁增旺索
作词/作曲:丁增旺索DIG
编曲:岳可
制作人:岳可
和声:丁增旺索DIG
混音/母带:俄金朋措
མི་དེ་ཕྱིན་ཀྱང་།
གཏམ་རྒྱུད་བརྗེད་པའི།
ངའི་གོམ་འགྲོས་ཀྱི་སར་ལམ་དེ་ཁེར་མ་ལམ་རྐྱང་ཡིན།
སེམས་བསམ་པ་འདྲེས་ཆེ་རུང་།
སྙིང་ཉེ་བའི་རོགས་དེ་མ་བརྗེད།
སེམས་གཏམ་དེ་གླེང་རྒྱུ་མང་རུང་།
སེམས་ནང་གི་གསང་གཏམ་མ་ཤོར།
རོགས་འགྲོས་སའི་མི་མང་རུང་།
སེམས་གཏད་སའི་མི་དེ་མ་ནོར།
ཞེན་ཆགས་སའི་རོགས་ཡོད་ཀྱང་།
ཡིད་ཆེས་སའི་མི་དེ་མ་ནོར།
གཏམ་སྙན་མོ་བཤད་རྒྱུ་མང་རུང་།
གཏམ་ཚིག་གི་དོན་དེ་མ་ནོར།
སེམས་སྟེར་སའི་མི་མང་རུང་།
སེམས་བརྩེ་སའི་མི་དེ་མ་ནོར།
ང་ཡི་གསང་བ་ཡོད་སྙིང་གི་དབུས་ན་བཞག་ཡོད།
ང་ཡི་མེ་ཚེའི་བགྲོད་ལམ་གནམ་གཡེངས་ངང་ནས་བུད་ཐར།
སེམས་ཀྱི་གསང་གཏམ། སུ་ཡིས་ཉན་འདོད།
སུ་ལ་མི་བཤད་གསང་བ་ཡིན་པ་ཤེས་སམ།
འགྲོ་འདོད་གོམ་པར་ཁེར་རྐྱང་ཡིན་ཡང་།
བདེ་སྐྱིད་ཡོད་པ་མ་རེད་ཨེ་རེད་ཟེར་ནས་མ་འདྲི་མ་འདྲི།
སེམས་བསམ་པ་འདྲེས་ཆེ་རུང་།
སྙིང་ཉེ་བའི་རོགས་དེ་མ་བརྗེད།
སེམས་གཏམ་དེ་གླེང་རྒྱུ་མང་རུང་།
སེམས་ནང་གི་གསང་གཏམ་མ་ཤོར།
རོགས་འགྲོས་སའི་མི་མང་རུང་།
སེམས་གཏད་སའི་མི་དེ་མ་ནོར།
ཞེན་ཆགས་སའི་རོགས་ཡོད་ཀྱང་།
ཡིད་ཆེས་སའི་མི་དེ་མ་ནོར།
གཏམ་སྙན་མོ་བཤད་རྒྱུ་མང་རུང་།
གཏམ་ཚིག་གི་དོན་དེ་མ་ནོར།
སེམས་སྟེར་སའི་མི་མང་རུང་།
སེམས་བརྩེ་སའི་མི་དེ་མ་ནོར།
སུ་ཡིས་བརྩེ་དུང་རོམས་པར་གྱུར་མྱོང་།
སེམས་ཀྱི་རྨ་ཁ་བཟོད་པར་དཀའ་བོ།
མ་རྩ་ཡོད་ཚད་ཆང་ལ་བཅོལ་ཡ།
དེ་དང་སེམས་ཀྱི་རྨ་ཁ།
སེམས་བསམ་པ་འདྲེས་ཆེ་རུང་།
སྙིང་ཉེ་བའི་རོགས་དེ་མ་བརྗེད།
སེམས་གཏམ་དེ་གླེང་རྒྱུ་མང་རུང་།
སེམས་ནང་གི་གསང་གཏམ་མ་ཤོར།
གླུ་ཞིག་བླངས་རང་རང་སེམས་འགུལ་བའི
རང་གླུ་ཞིག་ལེན་ཡ།
གཞན་ལ་རྨིག་པ་མ་འཁོར་རང་ཚུགས་མ་ནོར།