作词 : 向巴达吉
作曲 : 向巴达吉
编曲 : 向巴达吉
བརྩེ་གླུ་ཤིག་གངས་རི་ལ་ལེན།།
བུ་མོའི་མཉམ་གཞས།
ཚིག། བྱམས་པ་དར་རྒྱས།
དབྱངས། བྱམས་པ་དར་རྒྱས།
ཨ་་་་་་་་་་་་་།
འབྲོག་གླུ་ཞིག་གི་བརྕེ་དུང་།
ངའི་དྲན་གདུང་ལ་འཇུས་ནས།
རྨི་ལམ་ནང་དུ་ཁྱེད་རང་དྲན།
རྩ་ཐང་སྟེང་དུ་ནོར་ལུག་འཚོ།
འོ་ཡ་རེ་ལོ།
དགུང་ཨ་སྔོན་སྤྲིན་དཀར།
མཐོ་གངས་རི་དཀར་པོ།
བྱ་ཐང་དཀར་རྒོད་པོས་གཤོག་རྩེ་ངོམ་ནས།
ཨ་སྔོན་དཀྱིལ་ལ་འཕུར་སོང་།
བརྩེ་གླུ་ཞིག་གངས་རི་ལ་ལེན།
བརྩེ་དུང་གི་དབྱངས་རྟ།
གནམ་མཐའ་ནས་བྲག་ཅ་འཁོར་གྱི་འདུག
བརྩེ་གླུ་ཞིག་གངས་རི་ལ་ལེན།
བརྩེ་དུང་གི་དྭངས་མ།
ངས་སེམས་ནང་དུ་བཞུར་བཞིན་ཡོད།།
ཨ་་་་་་་་་་་་།
རྩ་ཐང་སྟེང་གི་བརྩེ་དུང་།
ངའི་དྲན་གདུང་ལ་འཇུས་ནས།
རྨི་ལམ་ནང་དུ་ཁྱེད་རང་དྲན།
རྩ་ཐང་སྟེང་དུ་སྨོན་ལམ་འདེབས།།
རྩྭ་ལྗང་སྔོ་ཐིང་ཐིང་།
ནོར་ལུགས་གང་སར་ཁྱབ།
མེ་ཏོག་གསེར་ཆེན།
འདབས་མ་ཡི་འཛུམས་མདངས་ངོམ།
འོ་ཡ་རེ་ལོ།
བརྩེ་གླུ་ཞིག་གངས་རི་ལ་ལེན།
བརྩེ་དུང་གི་དབྱངས་རྟ།
གནམ་མཐའ་ནས་བྲག་ཅ་འཁོར་གྱི་འདུག
བརྩེ་གླུ་ཞིག་གངས་རི་ལ་ལེན།
བརྩེ་དུང་གི་དྭངས་མ།
ངས་སེམས་ནང་དུ་བཞུར་བཞིན་ཡོད།།
བརྩེ་གླུ་ཞིག་གངས་རི་ལ་ལེན།
བརྩེ་དུང་གི་དབྱངས་རྟ།
གནམ་མཐའ་ནས་བྲག་ཅ་འཁོར་གྱི་འདུག
བརྩེ་གླུ་ཞིག་གངས་རི་ལ་ལེན།
བརྩེ་དུང་གི་དྭངས་མ།
ངས་ཡ་ཆུང་གི་སྙིང་ལ་འཐུམས།།