ལེན་མཁན། མཁའ་འགྲོ་མཚོ།
རོལ་ཆ། བསྟན་འཛིན་ཡེ་ཤེས།
སྒྲ་སྒྲིག ཟླ་བཟང་རྒྱ་མཚོ།
ཨེ་མ་གཅིག་གསུང་ལ།
ང་ཚོ་འདི་ལ་འཛོམས་ན།
གཏན་དུ་འཛོམས་རྒྱུ་བྱུང་ན།
གཏན་དུ་འཛོམས་པའི་མི་རྣམས།
སྙུང་གཞིའི་གོད་ཆག་མ་གཏོང་།
ཨེ་མ་གཅིག་གསུང་ལ།
དགའ་བའི་མི་ཡང་འཛོམས་སོང་།
བཙོས་པའི་ཆང་ཡང་ཞིམ་སོང་།
དགའ་པོ་མི་བཞེས་ཆང་བཞེས།
འཛོམས་སུ་ཆོག་པ་ཡོད་དོ།
ཨེ་མ་གཅིག་གསུང་ལ།
ང་ཚོ་སྔ་མོའི་མི་རེད།
སྲིད་པ་ཆགས་པའི་རྡོ་རེད།
རྡོ་ལ་དྲེགས་པ་འཁོར་ཀྱང་།
མཇལ་སྙིང་འདོད་རུ་འདོད་རུ།