编曲 : 措香
སྟོད་གཞས། ༼ཨེ་མ་ལན་གཅིག་གསུང་ལ།༽
ཟླ་བ་དང་པོའི་ཚེས་པ་བཅོ་ལྔ་ཉིན།།
རྒྱ་བཟའ་བོད་ལ་ཕེབས་པའི་ཞལ་བཞེས་ཡོད།།
ཐང་ཆེན་པད་མའི་ཐང་ལ་ཞེད་དགོས་མེད།།
འགྲོས་ཆེན་རྟ་ཕོ་བརྒྱ་ཡི་བསུ་མ་ཡོད།།
ལ་མོ་མཐོན་པོ་ཡར་ལ་ཞེད་དགོས་མེད།།
གཡག་གུ་རོག་པོ་བརྒྱ་ཡི་བསུ་མ་ཡོད།།
ཆུ་མོ་རྒྱ་ཆུ་རོང་ལ་ཞེད་དགོས་མེད།།
གྲུ་ཤན་རྟ་མགོ་བརྒྱ་ཡི་བསུ་མ་ཡོད།།