作词 : 卓吾贡扎
作曲 : 南木庆/青龙组合
རོལ་མོ། /རྣམ་མཁྱེན།
MD/南木庆
སྒྲ་ལེན་པ/ གཡུ་འབྲུག་ཚན་སྡེབ།
录音/青龙组合
སྒྲ་ཞིབ་སྦྱོར་བ།/ཤེར་བྷ།
混音/谢尔巴
སེམས་ཀྱི་རི་ལ་སྨྲེང་བའི་སྨུག་པ་འཐིབས། །
悲雾弥漫心头峻岭,
ལོ་ཟླའི་གོམ་འགྲོས་ཆུ་བོའི་རྒྱུན་བཞིན་བཞུར། །
岁月长河奔流不息。
སྙིང་གི་ཕྱེད་ཀ་དྲན་པའི་མེ་ཏོག་ཁྱོད། །
思念之花心中绽放,
རྨི་ལམ་ནང་ནས་ཐེངས་གཅིག་འཕྲད་ན་སྙམ།
吾愿梦中与汝相逢。
བར་ཐག་རི་ཆུས་བཅད་ཀྱང་སེམས་ཐག་ཉེ། །
虽隔山水心却相依,
བརྩེ་དུང་གཡུང་དྲུང་རི་མོ་བསུབ་ཏུ་མེད། །
爱情之画天长地久。
དར་ཅིག་ཁ་ཁར་གནས་པའི་ཉིན་མཚན་འདི། །
与汝相隔旷日积晷,
འཆི་མེད་ལྷ་ཡི་ལོ་ངོ་སྟོང་ལས་རིང་། །
堪比仙界千年岁月。
ཨོ་་་་་་་་ཨོ་་་་་་་་ཨོ་་་་་་་་ཨོ་་་་་་་་ཨོ
哦.....哦......哦.....哦
I miss you
我想念你
ཨོ་་་་་་་་་ཨོ་་་་་་་་ཨོ་་་་་་་ཨོ་་་་་་་ཨོ
哦......哦.......哦......哦
I miss you
我想念你
འུ་གཉིས་སོ་སོར་གྱེས་ཏེ་ཡུན་རིང་འགོར།
与汝相别年复一年,
མེ་ཏོག་བུམ་པའི་ནང་གི་རྒྱ་སེ་རྙིད་སོང་།
盆栽玫瑰枯枝败叶。
ངས་འཕྲིན་པ་བྲིས་ཏེ་ཉི་མ་ཕུད།
吾写书信献于金乌,
ཁྱོད་རང་ལོག་ཡོང་བར་རེ་སྒུག་བྱས་ཡོད།
日盼夜盼汝能早归。
འདི་ལྟར་དུས་ཚོད་གཏོང་མཁན་ང་ཁོ་ན་ག་ལ་ཡིན།
如此消磨时光的非我一人,
དྲན་གདུང་གི་ཕྱེ་ལེབ་རྒྱང་ལ་འཕུར་ཐེངས་རེར།
思念之蝶每每飞向远方,
ངའི་མིག་ཆུའི་མེ་ལོང་ནང་དུ་ཁྱོད་ཀྱི་ངོ་གདོང་ཡང་ཡང་འཁོར་ཡོང་།
我充满泪水的眼眸就会浮现出你的脸颊,
ངས་ཁྱོད་ཀྱི་མིང་ནས་ཤུགས་ཀྱིས་བོས་ཏེ་མགྲིན་པའི་འཕྲུལ་འཁོར་ཟད་ལ་ཉེ།
我嘶吼着你的名字至声带嘶哑!
རྨི་ལམ་ནང་གི། དྲན་པའི་ཁ་བ།
梦境中的,思念之雪。
འཚོ་བའི་སུན་སྣང་གི་རླུང་བུ་འུར་འུར། །
烦躁的生活中寒风瑟瑟,
དྲན་པའི་ན་གཞུང་གི་ཁ་བ་ལྷབ་ལྷུབ། །
思念之沃土上雪花飘飘。
སྟོན་གྱི་རྩྭ་ལ་རྒས་པའི་སེར་ཐིག་ལྷུང་། །
秋草稀疏已然枯黄,
ཁྲུང་ཁྲུང་རུ་ཕྲེང་བསྒྲིགས་ནས་ལྷོ་ལ་འཕུར། །
大雁成排向南飞去。
ཁྱོད་ནི་དགུན་མགོའི་ཁ་བ་་དཀར་པོ་བཞིན། །
吾愿汝似初冬瑞雪,
བདག་གི་ཕ་ཡུལ་ཕྱོགས་སུ་བབས་ན་སྙམ། །
纷纷飘落吾之故乡。
ན་ཆུང་རྩེད་ར་འཇའ་ཚོན་རི་མོ་ལྟར། །
儿时美好犹如彩虹,
དུས་ཀྱི་ཆུ་བོའི་ཀློང་ན་མི་སྣང་ཡང་། །
消失在那时间长河。
ཆུང་འདྲིས་བུ་མོ་སྙིང་གི་ཚིལ་ལུ་དེ། །
青梅竹马心之归属,
འབྲལ་མེད་ལུས་ཀྱི་གྲིབ་མ་ལྷག་ཏུ་དྲན། །
形影不离甚是想念。
ཨོ་་་་་་་་་ཨོ་་་་་་་ཨོ་་་་་་་་་ཨོ་་་་་་་་ཨོ
哦....哦.....哦.....哦
་I miss you
我想念你
ཨོ་་་་་་་་་ཨོ་་་་་་་ཨོ་་་་་་་་་ཨོ་་་་་་་་ཨོ
哦....哦.....哦.....哦
་I miss you
我想念你
ཨོ་་་་་་་་་ཨོ་་་་་་་ཨོ་་་་་་་་་ཨོ་་་་་་་་ཨོ
哦....哦.....哦.....哦
་I miss you
我想念你
ཨོ་་་་་་་་ཨོ་་་་་་་་་ཨོ་་་་་་་ཨོ་་་་་་་།ཨོ
哦....哦.....哦....哦...哦
་I miss you
我想念你