作词 : 21Zem无魂
作曲 : 21Zem无魂
编曲 : 21Zem无魂
ནད།
The’s is 21Zem
ཁྱེད་ཚོས་ཨེ་མཐོང་གི་་
ཁྱེད་ཚོས་ཨེ་ཐོས་གི་་་
ཡོད་ཚད་ཚར་བཞིན་འདུག
ཡོད་ཚད་མེད་གོ་གི་་
ཡོད་ཚད་བརླག་གོ་གི་་
ཡོད་ཚད་རྫོགས་བཞིན་འདུག་་
སྔོན་བརྡ་ཅི་ཡང་མེད་པར།
ལྡོག་ཐབས་གང་ཡང་མེད་པར།
ཁོ་ཚོས་བཤད་ན་འཇིཀ་རྟེན་ལ་ནད་དུག་གསར་བ་སླེབས་འདུག་ཟེར།
ཁོ་ཚོར་ལྟོས་ན་འཇིགས་སྐྲག་ལས་ཐར་ཐབས་མེད་པའི་ཚོར་སྣང་སྟེར།
ག་ས་གང་ནས་སྨེ་ངག་སྒྲོགས་བཞིན་འདུག
གར་སོང་ས་ནས་སྐྱོ་གདུང་མྱོང་བཞིན་འདུག
གོ་ལ་ཡོངས་ཀྱི་མི་རྣམས་བདེ་ཐང་ཡོང་བའི་སྨོན་ལམ་ཡག་པོ་རྒྱག
འགྲོ་བ་ཀུན་གྱིས་དཀའ་ངལ་ཚད་མེད་འདི་ལས་བརྒལ་བར་ཤོག
ཡིན་ན་ཡང་།
ལུས་ཀྱི་ནད་དེ་སལ་རྒྱུའི་སྨན་ཡོད།
བཅོས་བའི་ཐབས་ཡོད།
ད་ལྟ་ཡོངས་གྲགས་གྱི་ནད།
ང་ཚོ་ཆ་ཚང་གི་ནད།
མི་ལ་སེམས་མེད།
སེམས་ལ་ཚོར་མེད།
མི་དང་མི་ལ་ཡིད་ཆས་མེད།
ཡིད་ཆས་བྱས་ཡང་དོན་སྙིང་མེད།
གངས་ཅན་མི་ལ་བྱམས་བརྩེ་མེད།
སྙིང་རྗེ་སྒོམ་ཡང་རིན་ཐང་མེད།
ཕ་དང་མ་ལ་གུས་བ་མེད།
བུ་དང་བུ་མོར་འདང་བརྩིས་མེད།
བརྩེ་དུང་ཟེར་བར་རློམ་པ་མེད།
གཡོ་སྒྱུ་ཁྲམ་སེམས་ཐེ་ཚོམ་མེད།
ཁ་ཡག་མགོ་བསྐོར་ཐོགས་པ་མེད།
ཁོ་ཚོས་བཤད་ན།
ལག་ལ་སྒོར་མོ་འབྱོར་ན།
ངོ་ཚ་ཟེར་བ་དགོས་ནི་མ་རེད།
ལ་རྒྱ་ཟེར་བ་མཛའ་ནི་མ་རེད།
རང་རང་ཁ་ལྟོའི་ཆེད་ལ།
བྱམས་བརྩེ་ཟེར་བ་དོར་ན་ཆོག
ཁྲེལ་དང་ངོ་ཚ་བརྗེད་ན་ཆོག
མེས་པོ་དག་གིས་བཞག་པའི་རིག་གནས་ཚང་མ་གད་སྙིགས་སུ་གཡུག་ན་ཆོག་ཟེར།
ཁོ་ཚོས་འདོད་ཆགས་ཚོང་རྫས་ལ་བཤམས་གི་འདུག
ཁོ་ཚོས་ཧམ་སེམས་རྒྱན་ཆ་རུ་བརྩི་གི་འདུག
དེང ་སང་།
སྟོན་པའི་མནབས་བཟའ་རྩེད་ཆས་རེད།
ཁ་རྩོག་བཤད་པ་རྒྱུན་ལྡན་རེད།
ནད་འདི་བྱུང་ན་བཅོས་མེད་རེད།
ནད་པ་ཚང་མ་ཀླད་མེད་རེད།
འཛམ་བུ་གླིང་ལ་ནད་ཀྱིས་གང་སྡོད་གི་་
རྒྱལ་ཁབ་བར་ལ་འགད་རྫས་བཀད་ཀོ་གི་་
མི་སེམས་ཟེར་བ་རླུང་གིས་འཁུར་གོ་གི་་་
གངས་ཅན་བོད་ལ་ཁྱད་ཆོས་མེད་གོ་གི་་་
གཞན་པ་ཤི་ཡང་འབྲེལ་བ་མེད་སྲོལ་བཤད།
རང་གི་ཁེ་ཕན་གནམ་ལས་མཐོ་བར་འདོད།
ཁ་ཡག་མགོ་བསྐོར་བཟང་དང་རྒྱན་ལ་བརྩི།
ཁ་སེམས་མི་གཅིག་ཐུན་མང་སྣང་ཚུལ་ཏུ།
འདི་དག་ཚང་མ་བཅོས་མེད་ནད་དུག་རེད།
མི་ལུས་རིན་ཆེན་བླངས་བ་དོན་མེད་རེད།
མི་དང་མིའི་བར་ཡིད་ཆས་ཅི་ཡང་མི་འདུག ཡོད་ཚད་ཚོང་གི་རང་བཞིན་འདྲ།
ཁྱོད་དང་ང་ལ་བརྩེ་བ་ཟེར་རྒྱུ་མི་འདུག ཡིད་ལ་ཤར་བ་བཀོལ་སྤྱོད་བྱེད་རྒྱུ་རེད།
གཞན་ལ་གནོད་འཚེ་གཏོང་རྒྱུར་འདང་རྒྱག་ག་ལ་ཡོད།
ལག་ནས་འཕྲོག་ཅིང་ཧམ་སེམས་གང་བ་མེད།
ང་ཡག་ང་རྒྱན་ང་ཡི་རྒྱུ་ནོར་སོགས།
ང་མིན་སུ་ཡང་དོ་སྣང་སྤུ་ཙམ་མེད།
་་་་ ཁྱེད་ཚོས་ཨེ་མཐོང་གི་་
་་་ ཁྱེད་ཚོས་ཨེ་ཐོས་གི་་་
་་་ ཡོད་ཚད་ཚར་བཞིན་འདུག
་་་ ཡོད་ཚད་མེད་གོ་གི་་
་་་ ཡོད་ཚད་བརླག་གོ་གི་་
་་་ ཡོད་ཚད་རྫོགས་བཞིན་འདུག་་
་་་ སྔོན་བརྡ་ཅི་ཡང་མེད་པར།
་་་ ལྡོག་ཐབས་གང་ཡང་མེད་པར།