作词 : Jason郎加
作曲 : Jason郎加/LZ轮子
编曲 : Jason郎加
ང་རང་ལ་ཡོད་པའི་སྐད་ཆ་ཚིག་གཅིག་ཁྱེད་ལ་མ་བཤད།
ཁྱེད་རང་ལ་དབང་བའི་ལས་ཀྱི་ཁ་ཡིག་ང་ལ་གནང་རོགས།
སེམས་ཁྱེད་ཀྱི་ཕྱོགས་ན་ཡོད།
ལུས་ཁྱོད་དང་འཕྲད་ན་འདོད།
འདང་བརྩེ་བ་ཡོད་རུང་མེད་རུང་སེམས་དེ་ཁྱེད་ཀྱིས་འཁྱེར་ནས་སོང་།།
ང་རང་གི་སེམས་སུ་ཁྱོད་ཀྱི་ཞལ་རས་གསལ་ལེར་འཁོར་ཡོང་།།
དྲན་གདུང་ལ་ཚོད་འཛིན་མེད་པས་རང་དབང་ཡེ་ནས་མི་འདུག
དྲན་དྲག་པས་སེམས་ན་ཀི
མིག་ཟུང་ནས་མཆི་མ་ཤོར།
འདང་བརྩེ་བ་ཡོད་རུང་མེད་རུང་སེམས་དེ་ཁྱེད་ཀྱིས་འཁྱེར་ནས་སོང་།།
ཀྱག་ཀྱོག་གི་ལམ་དུ་གཅིག་པུ་རུ་ཆས་སོང་།
མ་བསམ་གྱི་བར་ནས་ཁྱོད་རང་ལ་ལྟ་ན་འདོད།
ཁྱེད་མེད་དུས་ཁེར་རྐྱང་རེད། ངའི་སེམས་དེ་གང་ལ་འཇོག
མཐའ་མེད་པའི་སྤང་ལྗོངས་དེ། ཁྱོད་མེད་པས་མདོག་ཡལ་སོང་།
ཟླ་བ་མེད་པའི་མཚན་མོ་དེར་བྲལ་སོང་།
ཕུགས་བསམ་ཁྱེར་ནས་མིག་ཆུ་དེ་ཕར་ཕྱེས།
འདི་ལྟར་སྔར་བཞིན་སྤོབས་པས་ངང་ཆས་འགྲོ
སེམས་ནང་གི་ན་ཟུག་སྦས་ནས།
སྐར་མ་མེད་པའི་མཚན་མོ་དེར་བྲལ་སོང་།
ཕྱིར་ལྟས་མེད་པར་མདུན་ཕྱོགས་སུ་ཆས་སོང་།
དེ་ལྟར་ཁྱོད་དང་རྒྱུས་མེད་དུ་ཆགས་སོང་།
མཚམས་རེ་རེར་ཡིད་ལ་འཁོར་ཡོང་།
གཞས་སྙན་སྙན་རྣ་བའི་རྒྱན་དུ་སྙན།།
ཚིག་འཇམ་འཇམ་དབྱངས་ཀྱི་རྟ་ལ་འཇམ།།
ཞེ་དར་སྐུད་ཕྲ་མོ་མ་ཆད་ན།།
གདངས་སྙན་ཆ་ཅན་པོ་བུ་མོར་ལེན།།
ང་རང་ལ་ཡོད་པའི་སྐད་ཆ་ཚིག་གཅིག་ཁྱེད་ལ་མ་བཤད།
ཁྱེད་རང་ལ་དབང་བའི་ལས་ཀྱི་ཁ་ཡིག་ང་ལ་གནང་རོགས།
སེམས་ཁྱེད་ཀྱི་ཕྱོགས་ན་ཡོད།
ལུས་ཁྱོད་དང་འཕྲད་ན་འདོད།
འདང་བརྩེ་བ་ཡོད་རུང་མེད་རུང་སེམས་དེ་ཁྱེད་ཀྱིས་འཁྱེར་ནས་སོང་།།
ང་རང་གི་སེམས་སུ་ཁྱོད་ཀྱི་ཞལ་རས་གསལ་ལེར་འཁོར་ཡོང་།།
དྲན་གདུང་ལ་ཚོད་འཛིན་མེད་པས་རང་དབང་ཡེ་ནས་མི་འདུག
དྲན་དྲག་པས་སེམས་ན་ཀི
མིག་ཟུང་ནས་མཆི་མ་ཤོར།
འདང་བརྩེ་བ་ཡོད་རུང་མེད་རུང་སེམས་དེ་ཁྱེད་ཀྱིས་འཁྱེར་ནས་སོང་།།
སེམས་སྨྲེང་པའི་མཚན་མོ་རྫོགས་མཐའ་ནི་མེད་པ།
གཉིད་མི་ཁུག་པའི་ནམ་དགུང་དུ་བས་བསྐྱལ་ཏེ།
ཁྱེད་མེད་དུས་ཁེར་རྐྱང་རེད། མཚན་རིང་མོ་ཇི་ལྟར་བསྐྱལ།
ཁོད་ཡངས་བའི་ནམ་མཁའ་དེ། ཁྱོད་མེད་པས་སྤྲིན་འཁྲིགས་སོང་།
ཟླ་སྐར་ངུ་བའི་མཚན་མོ་དེ་དྲན་ནམ།
གདོང་ནས་ཤོར་བའི་མིག་ཆུ་དེ་དྲན་ནམ།
ལས་ཀྱི་བརྩམས་པའི་ཟློས་གར་དེའི་ནང་དུ།
འུ་གཉིས་ནི་རིང་དུ་གྱེས་ཟིན།
འདི་ནས་མི་འདུག་མི་མཐུད་དུ་ཆས་འགྲོ།
ལམ་གྱི་ཕྲག་དོག་འཕྱ་མོད་དེ་ཕར་སོང་།
ཁྱོད་དང་ངའི་ཡོད་ཚད་ནི་རྨི་ལམ།
འདི་ལྟར་དུ་རིམ་པར་བརྗེད་དམ།