作词 : 拉先加
作曲 : 巴金旺甲
༄༅༎ གངས་སྐོར།
࿄ ࿄ ࿄
ས་མཐའི་སྤྲིན་པ་ལང་ལོང་།
ཆར་ཆུའི་ཐིག་པ་ཟམ་ཟིམ།
རྟིང་མའི་ལོ་དང་ཟླ་བ།
ཁ་ཕྱོགས་མེད་པའི་མི་ཚེ།
ན་ཆུང་སེམས་ཀྱི་རྨི་ལམ།
སྐྱིད་སྡུག་བར་ནས་ཡལ་སོང་།
ཨོ། གངས་རི་དཀར་པོ་ཡ།
སྐོར་བ་ལན་གསུམ་བརྒྱབ་ཡོད།
ཚེ་འདིའི་སྨུག་པ་སངས་རོགས།
རྒོད་པོའི་གཤོག་རྩེ་ཡབ་ཡོམ།
རླུང་ཆེན་གོམ་སྒྲ་ཆེམ་ཆེམ།
འདས་པའི་ལོ་དང་ཟླ་བ།
དགོད་འཛུམ་ཡལ་བའི་འཚོ་བ།
མི་ཚེ་ལམ་གྱི་རླུང་རྟ།
ལ་མོའི་རྩེ་ནས་སྤུར་ཡོད།
ཨོ། གངས་རི་དཀར་པོ་ཡ།
སྐོར་བ་ལན་གསུམ་བརྒྱབ་ཡོད།
ཚེ་འདིར་དཀར་གཙང་གནང་རོགས།
ཨོ། གངས་རི་དཀར་པོ་ཡ།
སྐོར་བ་ལན་གསུམ་བརྒྱབ་ཡོད།
ཚེ་འདིར་དཀར་གཙང་གནང་རོགས།
སྐོར་བ་ལན་གསུམ་བརྒྱབ་ཡོད།
ཚེ་འདིར་དཀར་གཙང་གནང་རོགས།