作词 : 加央罗智
作曲 : 罗萨
编曲 : 罗萨
ཕ་ཡུལ་ལགས་གངས་ལྗོངས།
ཚིག:འོད་ཀྱི་ཕོ་ཉ།
དབྱངས:བློ་གསལ།
ལེན་མཁན:རྟ་མགྲིན་སྐྱབས།
རིན་ཆེན་གྱི་ལུས་རྟེན།།གངས་རིའི་ལྗོངས་སུ་བཞད།།
སེང་དཀར་གྱི་ཞབས་རྗེས།།རི་ཀླུང་ཀུན་ལ་ཁྱབ།།
གནས་འདི་ནི་གདོང་དམར་བའི་ཕ་གཞིས་ཡིན།།
གནས་འདི་ནི་ངོ་མཚར་ཅན་གྱི་ཞིང་ཁམས་ཡིན།།
ཨོ་་་་་་་་་་་ཕ་ཡུལ་ལགས་གངས་ལྗོངས།།
ཁྱེད་ནི་ལོ་རྒྱུས་ཀྱི་རྡོ་རིང་བཞེངས་ས་དེ་ཡིན།།
ཡབ་མེས་ཀྱི་མཛད་རྗེས།།གངས་རིའི་ལྗོངས་སུ་བཞག།
ཡིག་དྲུག་གི་དབྱངས་རྟ།།གོ་ལའི་ཁྱོན་ལ་ཁྱབ།།
གནས་འདི་ནི་གདོང་དམར་བའི་ཕ་གཞིས་ཡིན།།
གནས་འདི་ནི་ངོ་མཚར་ཅན་གྱི་ཞིང་ཁམས་ཡིན།།
ཨོ་་་་་་་་་་་ཕ་ཡུལ་ལགས་གངས་ལྗོངས།།
ཁྱེད་ནི་ཞི་བདེ་ཡི་གཟི་དཔལ་ངོམ་ས་དེ་ཡིན།།
དུས་རབས་ཀྱི་དགེ་མཚན།།གངས་རིའི་ལྗོངས་སུ་བཀྲ།།
ཤེས་རིག་གི་སྒྲོན་མེ།།འོད་སྣང་ཀུན་ལ་ཁྱབ།།
གནས་འདི་ནི་གདོང་དམར་བའི་ཕ་གཞིས་ཡིན།།
གནས་འདི་ནི་ངོ་མཚར་ཅན་གྱི་ཞིང་ཁམས་ཡིན།།
ཨོ་་་་་་་་་་་ཕ་ཡུལ་ལགས་གངས་ལྗོངས།།
ཁྱེད་ནི་ཡར་དར་གྱི་དགེ་མཚན་ཐོབ་ས་དེ་ཡིན།།
ཁྱེད་ནི་ཡར་དར་གྱི་དགེ་མཚན་ཐོབ་ས་དེ་ཡིན།།