嘉百 - 祝福
作词:嘉百
作曲:谢旦
音乐宣传:谢旦贴吧工作室
ལོ་ད་ལོ་དཔྱིད་ཟླ་ཚེས་དུས་ན།།
སྟོད་ཕྱུགས་འགྲོ་རྒན་པོ་རི་ན་ཡོད།།
རྟ་ནོར་ལུག་ཤ་ཤེད་རྒྱས་ན་བསམ།།
ནོར་འཕེལ་ཁ་རྒྱས་བའི་བཀྲ་ཤིས་ཤོག
ལོ་ད་ལོ་སྟོན་ཟླ་ཚེས་དུས་ན།།
སྨད་ལོ་འབྲུ་བུ་མོ་རོང་ན་ཡོད།།
ཞིང་སྙེ་མའི་མགོ་བོ་བཅོག་ན་བསམ།།
འབྲུ་གཡང་ཁ་གང་བའི་བཀྲ་ཤིས་ཤོག
ལོ་ད་ལོ་དབྱར་ཟླ་ཚེས་དུས་ན །
ང་བུ་ཆུང་ས་མཐའི་ཡུལ་ན་ཡོད།།
ལས་བསམ་དོན་བར་ཆད་མེད་ན་བསམ།།
བྱ་ཁ་ལས་དགེ་བའི་བཀྲ་ཤིས་ཤོག།
ལོ་ད་ལོ་དགུན་ཟླ་ཚེས་ན།།
ནང་བཟའ་ཚང་ཐབ་ཚང་འཛོམས་ནས་ཡོད།།
སྡེ་ཕྱི་མཐུན་ནང་མཐུན་ཡོང་ན་བསམ།།
ལུས་ན་ཚ་མེད་པའི་བཀྲ་ཤིས་ཤོག།
ལུས་ན་ཚ་མེད་པའི་བཀྲ་ཤིས་ཤོག།