编曲 : 强巴旺扎/极地音符发布
དྲན་གསོ།
གཞས་པ་་་བྱམས་པ་དབང་བགྲག།
དྲྭ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
ང་ཡང་བསྐྱར་ས་ཆ་འདེར་སླེབས་དུས།
ཡང་བསྐྱར་ཁྲོམ་གཞུང་འདི་མཐོང་དུས།
སེམས་ནང་བཟོད་དཀའ་བའི་སྐྱོ་སྣང་ཞིག་དང་།
བཤད་དཀའ་བའི་སྡུག་བསྔལ་ཞིག།
ས་ཆ་འདིར་ང་གཉིས་ཀྱི་དམ་བཅའ་ཡོད་ལ།
ཡིད་འོང་གི་ལོ་ཟླ་ཡང་ཡོད།
ས་ཆ་འདེར་བརྗེད་དཀའ་བའི་དྲན་གསོ་ཡོད་ལ།
དཀའ་སྡུག་མཉམ་མྱོང་ལོ་ཟླ་ཡང་ཡོད།
ང་གཉིས་པོ་འདི་འདྲ་ཟེ་བྲལ་ཡོང་བསམ་པ་མེད་ལ།
ལས་དབང་འདི་འདི་འདྲ་ཟེ་ཡིན་འགྲོ་བསམ་པ་མེད།
མ་འོངས་རེ་བས་ཁེངས་པའི་འཚོ་བ་འདི།
ད་ཆ་ནམ་མཁའི་འཇའ་ལྟར་ཡལ་སོང་།
མ་འོངས་ཡིད་ཆེས་ཀྱིས་ཁེངས་པའི་བརྩེ་དུང་དེ།
ད་ཆ་ཚང་མ་དྲན་གསོ་གྱུར་སོང་།

ཡ་ང་བའི་བུ་ང་། འཇིག་རྟེན་འཚོ་བ་ཞེན་པ་ལོག།