作词 : 岗年
作曲 : 索朗顿珠
ཞོགས་པ་ཡར་ལ་ལངས།།
ལྷ་ལ་བསང་ཞིག་འབུལ།།
སྐར་ཆུ་བསིལ་མོ་ལེན།།
གཡང་གི་ལྷས་ར་ནང་།།
བེའུ་ཆུང་ལུ་གུ་ལ།།
རྟེན་འབྲེལ་རྩྭ་ཆུ་བཤམས།།
དགའ་སྐྱིད་ཕུན་སུམ་འཚོགས་ཧེ་ཧེ་ཧེ།
གླུ་ཡི་མཆོད་པ་འབུལ་ཡ།
མེས་པོ་རྒན་རབས་ཚོ།།
ཡ་ཀི་གོང་ན་བཞུགས།།
ཨ་ཧོ་ཕོ་སར་ཚོ།།
དབུ་འཕང་དགུང་ལས་མཐོ།།
ཨ་ཞེ་འབྲོག་མོ་ཚོ།།
བསོད་ནམས་མཚོ་མོ་འཁྱིལ།།
དགའ་ཤོག་དགའ་ཤོག
སྐྱིད་ཤོག་སྐྱིད་ཤོག ཡེ་ཡེ་ཡེ།
བེའུ་ལུག་ལོ་སར་བསུ་འགྲོ།
བསྭོ། བཀྲ་ཤིས་ལྷས་རའི་ནང་ལ།།
བེའུ་ལུག་བརྒྱ་སྟོང་འཁོར་ཡོད།
བེའུ་ལུག་ཟེ། བེའུ་ལུག་ལྷས་ར་གང་ཡོད།།
གཡང་གི་རྟེན་འབྲེལ་འགྲིག་ཤོག།
བེའུ་ལུག་ལྷས་ར་གང་ཡོད།།
གཡང་གི་རྟེན་འབྲེལ་འགྲིག་ཤོག།
རྟ་ཕོ་མགྱོགས་ས་རེད།།
ལྷ་གཡག་འགྱིང་ས་རེད།།
ལུག་ཁྱུ་འཚོ་ས་རེད།།
ཚེ་རེ་ར་ཡི་ལྷས།།
འབྲོག་པའི་གཡང་ར་ནང་།།
མཉམ་དུ་འཛོམས་པའི་དུས།།
དགའ་སྐྱིད་ཕུན་སུམ་འཚོགས།།ཡེ་ཡེ་ཡེ།
གླུ་ཡི་མཆོད་པ་འབུལ་ཡ།
འབྲོག་ཕྲུག་ཆུང་ཆུང་ཚོ།།
བེའུ་ལུག་ལོ་སར་བསུ།།
དགའ་གྲོགས་བརྩེ་གྲོགས་ཚོ།།
སྐྱིད་པའི་ལོ་སར་བསུ།།
དགའ་བའི་གླུ་ཆུང་ལེན།།
སྐྱིད་པའི་བྲོ་ཞིག་འཁྲབ།།
དགའ་ཤོག་དགའ་ཤོག།
སྐྱིད་ཤོག་སྐྱིད་ཤོག ཡེ་ཡེ་ཡེ།
བེའུ་ལུག་ལོ་སར་བསུ་འགྲོ།
བསྭོ། བཀྲ་ཤིས་གཡང་གི་རུ་མ།།
གཡང་ཁྱིམ་ནང་ལ་བཞག་ཡོད།།
གཡང་ཁྱིམ་ཟེ། གཡང་ཁྱིམ་ནང་ལ་བཞག་ཡོད།།
བཀྲ་ཤིས་རྟེན་འབྲེལ་འགྲིག་སོང་།།
གཡང་ཁྱིམ་ནང་ལ་བཞག་ཡོད།།