༡
ཕྱུགས་དཀར་ནག་འཚོ་བའི་རུ་སྡེ་ན།།
在放牧牛羊的部落中
སྨན་བུ་མོ་དུང་སེམས་འོ་མ་ཅན།།
有位心善如奶的姑娘
ལུས་སྐྱེས་གཟུགས་སྒྲོལ་མ་རང་བྱོན་འདྲ།།
苗条的身材极像仙女
ཆུ་ཟོ་ཁུར་ལྡེམ་མེ་གང་དུ་འགྲོ།།
绰约多姿向哪飘去
གཞོན་སྣང་བའི་བདག་མོ་ཁྱེད་རང་ཡིན།།
你是年少心灵的主人
གཏམ་མྱི་ཁའི་མེ་ལྕེ་འབར་ན་ཡང་།།
无论人言之火如此剧烈
སེམས་མི་འགྱུར་དམ་བཅའ་ཁྱེད་ལ་འཇོག།
始终不变的诺言在于你
སྙིང་རུས་པའི་གསང་གཏམ་དམར་རྗེན་མ།།
心骨里赤裸裸的秘语
ཁ་ཚིག་གསུམ་བརྒྱུད་ནས་ཁྱེད་ལ་བཤད།
口诵心惟诉说给你
ལས་སྨོན་ལམ་གཅིག་པའི་འདུན་པ་ཡོད།།
愿我们能成为彼此心里的唯一
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སེམས་མི་འགྱུར་དམ་བཅའ་ཁྱེད་ལ་འཇོག།
始终不变的诺言在于你
སྙིང་རུས་པའི་གསང་གཏམ་དམར་རྗེན་མ།།
心骨里赤裸裸的秘语
ཁ་ཚིག་གསུམ་བརྒྱུད་ནས་ཁྱེད་ལ་བཤད།
口诵心惟诉说给你
ལས་སྨོན་ལམ་གཅིག་པའི་འདུན་པ་ཡོད།།
愿我们能成为彼此心里的唯一
༢
དུས་སྙིགས་མའི་རྒྱུ་ཡི་སོ་ཁ་ནས།།
在这金钱的时代里
གཤིས་དྭངས་མོ་ཁ་བའི་རང་མདངས་ཅན།།
带着雪般纯洁无暇的本性
སྦྲ་རོག་རོག་ཁ་རུ་བརྐྱོངས་ས་ནས།།
塔建四方的帐篷旁
གཡང་འབྲི་མོར་བཞོ་དབྱངས་ལེན་པ་ཡི།།
唱着草原情歌的你
སྨན་ཁྱེད་ནི་ལྷ་ཡིས་གནང་པ་འདྲ།།
是上帝赐予的姑娘
ཡུལ་གཅིག་ལ་འཛོམས་པའི་ལས་དབང་ལ།།
缘分让我相遇你
སེམས་ཨ་ལོང་སྣང་བ་ཆ་འགྲིག་ན།།
若可以相情相爱
རྡོ་གོར་མོ་བཞིན་གྱི་དམ་བཅའ་འདི།།
如磐石般的誓言
ཆག་མི་སྲིད་སྲིད་པའི་བླ་རྡོ་ཡིན།།
绝不会轻易破碎
ལས་བར་ཆད་མེད་པའི་སྨོན་ལམ་འདེབས།།
愿我们的缘分可以长久
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སེམས་ཨ་ལོང་སྣང་བ་ཆ་འགྲིག་ན།།
若我们可以相情相爱
རྡོ་གོར་མོ་བཞིན་གྱི་དམ་བཅའ་འདི།།
如磐石般的誓言
ཆག་མི་སྲིད་སྲིད་པའི་བླ་རྡོ་ཡིན།།
绝不会轻易破碎
ལས་བར་ཆད་མེད་པའི་སྨོན་ལམ་འདེབས།།
愿我们的缘分可以长久
༡༠༡༩/༤/༡༡ཉིན།