作词 : 扎西多杰
作曲 : 扎西东智/果洛扎西东智
དུས་ཡག་སྐར་བཟང་།
གཞས་ཚིག་རྩོམ་པ་པོ།རྟ་བོའུ་བཀྲ་ཤིས་རྡོ་རྗེ།
དབྱངས་རྩོམ་པ་པོ།མགོ་ལོག་བཀྲ་ཤིས་དོན་གྲུབ།
གཞས་པ།མགོ་ལོག་བཀྲ་ཤིས་དོན་གྲུབ།
དུས་ད་ལོ་མེ་མོ་བྱ་ཡི་ལོ།།
བྱ་དཀར་པོ་ཞི་བདེའི་གསུང་དབྱངས་ཅན།།
བོད་ཁ་བ་ཅན་གྱི་བླ་བྱ་རེད།།
སྟོད་དབུས་གཙང་ཡུལ་གྱི་ཆོལ་ཁ་ནས།།
བོད་ཕུ་ནུ་མིང་སྲིང་ལོ་གསར་བཟང་།།
དུས་ད་ལོ་མེ་མོ་བྱ་ཡི་ལོ།།
བྱ་དཀར་པོ་འོ་མའི་སེམས་པ་ཅན།།
བོད་ཁ་བ་ཅན་གྱི་ལྷ་བྱ་རེད།།
ཡུལ་མདོ་སྨད་རིག་པའི་ཞིང་ཁམས་ནས།།
བོད་ཕུ་ནུ་མིང་སྲིང་ལོ་གསར་བཟང་།།
དུས་ད་ལོ་མེ་མོ་བྱ་ཡི་ལོ།།
བྱ་དཀར་པོ་གཡང་གི་གསུང་དབྱངས་ཅན།།
བོད་ཁ་བ་ཅན་གྱི་གཡང་རྟེན་རེད།།
ཡུལ་མདོ་སྟོད་ནོར་གྱི་ཆོལ་ཁ་ནས།།
བོད་ཕུ་ནུ་མིང་སྲིང་ལོ་གསར་བཟང་།།
དུས་ད་ལོ་མེ་མོ་བྱ་ཡི་ལོ།
བྱ་དཀར་པོ་དར་གྱི་གཤོག་ཟུང་ཅན།།
བོད་ཆོས་ལྡན་ཚང་གི་ལྷག་བསམ་རེད།།
བོད་ཁ་བ་ཅན་གྱི་ཞིང་ཁམས་ནས།།
སྤུན་ས་ཡ་དྲུག་པོ་ལོ་གསར་བཟང་།།