作词 : 赞东
作曲 : 旦正才让
སེམས་ཀྱི་དྲན་གཞས།
心念之歌
ཚིག བཙན་དུང།
歌词:赞东
དབྱངས། རྟ་མགྲིན་ཚེ་རིང་།
歌曲:旦正才让
ལེན་མཁན། གཡང་སྐྱིད།
歌手:杨吉
འཇོ་སྒེག་མེད་ཀྱང་རང་སེམས་དཀར་པོ་འདི།།
དམ་ཚིག་གཅིག་ལ་བཞག་པའི་བརྩེ་ཞགས་ཡིན།།
དྲན་གདུང་མཆི་མས་སྦངས་བའི་མེ་ཏོག་དེ།།
ཐུགས་ཕྲད་བྱུང་བའི་ཨ་ལན་ཇི་འདྲ་ཡིན།།
བསམ་པའི་དོན་གྲུབ།
དར་མའི་དཔའ་བོ།།
མིག་ཆུ་སེམས་ལ་གཏོར་བའི་ལོ་ཟླ་འདི།།
ཁྱེད་ཀྱི་ལྦུ་ཆང་སེམས་ལ་བསྙལ་བས་ཡིན།།
རྒྱང་ནས་ཕྱོགས་སུ་འཕེན་པའི་ཟུར་མིག་དེ།།
ཐུགས་ཀྱི་བཀོད་པས་སྒྲིག་པ་ཨེ་ཡིན་ལགས།།
གོམ་ཁ་ལྷོད་པོར་ཆགས་པའི་སེམས་པ་འདི།།
བདག་སེམས་དག་མོས་འཕངས་བའི་དུངས་ཞེན་ཡིན།།
སྲིད་པའི་གཡང་མདའ།།
འཁོར་བའི་ཕུན་ཚོགས།།
སེམས་ཀྱི་མེ་ཏོག་ཆ་ལ་མཛེས་པ་འདི།།
ཐུགས་སེམས་ཕྲད་ན་འཇིག་རྟེན་ཕུན་ཚོགས་ཡིན།།
གནམ་ལ་ཉི་ཟླ་འཛོམས་པའི་བརྩེ་དུངས་འདི།།
སེམས་ཀྱི་སྐྱོ་བ་སངས་བའི་འཇིག་རྟེན་ཡིན།།
སྐར་ཚོགས་རྒྱན་ལ་བཀོད་པའི་མཚན་ལྗོངས་འདིར།།
ཐུགས་མཐུན་ཡིད་འོང་ཁྱོད་ལ་སེམས་པ་གློན།།
འཁོར་བའི་མེ་ཏོག །
སེམས་ཀྱི་ཡིད་འོང་།།
སེམས་པ་དཀོན་མཆོག་ལྷ་ལ་བཅོལ་བ་འདིས།།
ཁྱོད་དང་ང་གཉིས་ལས་སྐལ་བཟང་བོ་འཕེལ།།