编曲 : 次列扎巴
གླུ་གཞས་ཁྱབ་སྤེལ། ལྷག་པ་རྡོ་རྗེ།,
ལྷོ་འཛམ་གླིང་ཁ་ཞེང་ཆེ་ན་ཡང།
ང་བུ་ཆུང་ས་མཐའ་འགྲོ་དུས་སུ།
དྲིན་ཨ་མའི་འཛུམ་མདངས་ཡིད་ལ་འཁོར།
ངའི་མིག་ཆུང་མཆི་མ་ལྷུང་ལྷུང་ཤོར།
ཨ་མ་ལགས། བུ་ང་ཡི་བརྩེ་བའི་བྱམས་ལྡན་མ་ལོ།
ཨོ་ཧོ། ང་ཡི་ཨ་མ་ལགས།
ཨོ་ཧོ། བུ་ང་ཡི་བྱམས་ལྡན་ལྷ་མོ་ལགས།
བུ་ངའི་ཁྱེད་ལ་དྲིན་ལན་འཇལ་ཆོག།ཨ་མ་ལོ་
ཡུལ་རྒྱལ་ཁམས་མི་ཚོགས་མང་ན་ཡང།
ང་བུ་ཆུང་སེམས་ཀྱི་དཀྱིལ་མ་ན།
དྲིན་ཨ་ཕའི་བཀའ་ལུང་འགྱུར་མིད་འཛིན།
དེ་དྲན་བཞིན་ཨ་ཕ་ཡིད་ལ་འཁོར།
ཨ་ཕ་ལགས། བུ་ང་ཡི་དད་པ་འཇོག་སའི་དགེ་རྒན།
ཨོ་ཧོ། ང་ཡི་ཨ་ཕ་ལགས།
ཨོ་ཧོ། བུ་ངའི་བགྲོད་ལམ་གྱི་སྒྲོན་མེ་ལགས།
བུ་ངའི་ཁྱེད་ལ་དྲིན་ལན་འཇལ་ཆོག།ཨ་ཕ་ལོ་
ས་གཞན་ཡུལ་མཛེས་སྡུག་ལྡན་ན་ཡང།
ང་བུ་ཆུང་ཡིད་ཀྱི་དཀྱིལ་གཞུང་ན།
སྐྱིད་ཕ་ཡུལ་མཛེས་ལྗོངས་བརྗེད་མེད་རེད།
ངའི་ཕ་ཡུལ་སྟོབས་འབྱོར་ལྡན་པ་སྨོན།
ཕ་ཡུལ་བསྟོད། བུ་ངའི་ཕ་ཡུལ་ཚ་བ་མཛོ་སྒང་བསྟོད།
ཨོ་ཧོ། ང་ཡི་ཕ་ཡུལ་མཛེས།
ཨོ་ཧོ། བུ་ངའི་སྐྱེས་ས་འཚར་སའི་གར་སྟེགས།
བུ་ངའི་ཁྱེད་ལ་བསྟོད་པའི་གླུ་ཞིག་ལེན། ་གླུ་ཞིག་ལེན།
བུ་ངའི་ཁྱེད་ལ་བསྟོད་པའི་གླུ་ཞིག་ལེན། ་གླུ་ཞིག་ལེན།