作词 : 旦增森格
作曲 : 旦增嘎娃
སེམས་ཀྱི་གླུ་སྒྲ།
心灵的歌声
གཞས་ཚིགབསྟན་འཛིན་སེང་གེ
作词:旦增森格
གཞས་གདངས།བསྟན་འཛིན་དགའ་བ།
作曲:旦增嘎娃
གཞས་གཏོང་མཁན།ཚེ་རིང་སྒྲོལ་དཀར།
演唱:次仁卓嘎
སྐྱོ་སེམས་རླུང་ལ་བསྐུར་ནས།།
སྣང་བ་གླུ་རུ་བླངས་ཡོད།།
དལ་འབྱོར་མི་ལུས་རིན་ཆེན།།
དགའ་སྤྲོའི་ངང་ནས་གསོན་དགོས།།
ཧམ་སེམས་ཆུ་ལ་བསྐུར་ནས།།
སྤྲོ་སྣང་འཛུམ་གྱིས་བསུས་ཡོད།།
མ་འོང་མི་ཚེའི་ཕུགས་འདུན།།
གུ་ཡངས་བློ་བདེས་འཚོ་དགོས།།
རྨོངས་སེམས་རྒྱང་དུ་དོར་ནས།།
ཤེས་བྱའི་གནས་ལ་བརྩོན་ཡོད།།
ཉེར་གཅིག་དུས་རབས་འདི་ལ།།
རིག་པའི་གཤོག་རྩལ་ངོམ་དགོས།།
བསམ་བཟང་གཞན་ལ་འཆང་ན།།
ལས་བཟང་རང་ལ་སྨིན་ཡོང་།།
བྱམས་བརྩེའི་འོ་ཆུ་དྭངས་མོ།།
ང་ཚོས་མཉམ་དུ་བཞེས་དགོས།།