作词 : 旦正才让
作曲 : 旦正才让
编曲 : 旦正才让
ཁ་བ་རི་ལ་བབ་དུས།
བརྩེ་བ་ཉི་མས་འཁྱེར་སོང་།
ཆར་བ་ཤག་ཤག་འབབ་དུས།
དྲན་པ་རླུང་གིས་དེད་སོང་།
རྒྱུས་མེད་ས་མཐའ་འགྲུམ་དུས།
སྐྱོ་བའི་མིག་ཆུ་བཞུར་སོང་།
ལོ་དང་ཟླ་བའི་བར་ནས།
བུ་ངའི་རེ་སྒུག་རྒས་སོང་།
དེད་པའི་སྙིང་སྟོབས།
བདེན་པའི་རྒྱུ་འབྲས།
ལོ་ཟླའི་ངོགས་ལ་འཐིམ་པའི་གཞས།
མིག་ཆུའི་གསེང་ནས་ཕུལ་ཡོད།
སྐྱིད་ལ་རེ་བ་ཡོད་དུས།
དབང་ཆེན་བླུན་པོས་ཕྲོགས་སོང་།
སྡུག་གི་ཨ་ཐང་ཆད་དུས།
སུས་ཀྱང་མཐོང་གི་མི་འདུག །
ཁྲུང་ཁྲུང་ལྷོ་ལ་སྐྱོད་དུས།
རེ་བའི་ཚིག་གསུམ་བསྐུར་ཡོད།
ཁུ་བྱུག་གསུང་སྙན་སྒྲོགས་དུས།
སེམས་པ་ཁྱེད་ལ་ཕྱོགས་ཡོད།
དེད་པའི་སྙིང་སྟོབས།
བདེན་པའི་རྒྱུ་འབྲས།
ལོ་ཟླའི་ངོགས་ལ་འཐིམ་པའི་གཞས།
མིག་ཆུའི་གསེང་ནས་འབུལ།
རྒྱུས་ཡོད་ལམ་ཕྲན་རེ་ལ་ཕྱིར་དྲན་རེ།
མིག་ཆུའི་ཕྲེང་བ་རེ་ན་སྨོན་འདུན་རེ།
སེམས་ཀྱི་ཕྱིར་མིག་རེ་ན་གདུང་བ་རེ།
བློ་སེམས་གཅིག་ལ་ཕྱོགས་པའི་ཆོད་སེམས་འདི།
བསྐལ་བའིམཐའ་ཡང་མི་འཇིགས་དམ་བཅའ་ཡོད།
བསྐལ་བའིམཐའ་ཡང་མི་འཇིགས་དམ་བཅའ་ཡོད།
དེད་པའི་སྙིང་སྟོབས།
བདེན་པའི་རྒྱུ་འབྲས།
ལོ་ཟླའི་ངོགས་ལ་འཐིམ་པའི་གཞས།
མིག་ཆུའི་གསེང་ནས་འབུལ།
དེད་པའི་སྙིང་སྟོབས།
བདེན་པའི་རྒྱུ་འབྲས།
ལོ་ཟླའི་ངོགས་ལ་འཐིམ་པའི་གཞས།
མིག་ཆུའི་གསེང་ནས་འབུལ།