作词 : 东日慕塔
作曲 : 陈里俄热
编曲 : 扎西才旦
录音:黄维
མཚོ་སྔོན་པོ་གཡུ་མདོག་མེ་ལོང་རེད།
གཡུ་མེ་ལོང་ཕྱི་གསལ་ནང་གསལ་རེད།
ལས་རྒྱུ་འབྲས་དཀར་ནག་གསལ་མཐོང་རེད།
མཚོ་སྔོན་པོའི་ཁྱད་ཆོས་གླུ་རུ་ལེན།
མཚོ་སྔོན་པོ་གཏེར་གྱི་རྒྱ་མཚོ་རེད།
གཏེར་སྣ་ཚོགས་མཚོ་མོའི་བྱིན་རླབས་རེད།
མཚོའི་བྱིན་རླབས་གནའ་འཁོར་ད་འཁོར་རེད།
མཚོ་སྔོན་པོའི་རླབས་ཕྲེང་ལན་གསུམ་མཆོད།
མཚོ་སྔོན་པོའི་ངོ་སོ་ཡར་ལ་བསྟོད།
མཚོ་སྔོན་པོའི་ངོ་སོ་ཡར་ལ་བསྟོད།
ཨོ་ཧོ། མཚོ་ཆེན་ལགས། ཁྲི་ཤོར་རྒྱལ་མོ།
ཁྱེད་ང་ཡི་བླ་མཚོ་ངོ་མ་ཡིན།
མཚོ་སྔོན་པོའི་བྱིན་རླབས་དབྱངས་ལ་བརྒྱུ།
མཚོ་སྔོན་པོའི་བྱིན་རླབས་དབྱངས་ལ་བརྒྱུ།
ཨོ་ཧོ། མཚོ་ཆེན་ལགས། ཁྲི་ཤོར་རྒྱལ་མོ།
ཁྱེད་ང་ཡི་བླ་མཚོ་ཕྱུག་མོ་ཡིན།
ཁྱེད་ང་ཡི་བླ་མཚོ་ཕྱུག་མོ་ཡིན།
མཚོ་སྔོན་པོ་ཕ་མེས་བླ་མཚོ་རེད།
སེམས་དད་པའི་བརྐྱངས་ཕྱག་འཚལ་ས་རེད།
ཚེ་འདི་ཕྱིའི་སྡིག་སྒྲིབ་འདག་ས་རེད།
མཚོ་སྔོན་པོའི་མཐའ་སྐོར་ཕྱག་གིས་མཇལ།
མཚོ་སྔོན་པོ་དྭངས་ཤིང་གཙང་བ་རེད།
མཚོ་སྔོན་པོ་ཡངས་ཤིང་ཆེ་བ་རེད།
མཚོ་སྔོན་པོ་བྱ་རིགས་འཁོར་ས་རེད།
མཚོ་སྔོན་པོ་དྭངས་གཙང་སེམས་ཀྱིས་མཆོད།
མཚོ་སྔོན་པོའི་ཕན་ཡོན་གླུ་རུ་ལེན།
མཚོ་སྔོན་པོའི་ཕན་ཡོན་གླུ་རུ་ལེན།
ཨོ་ཧོ། མཚོ་ཆེན་ལགས། ཁྲི་ཤོར་རྒྱལ་མོ།
ཁྱེད་ང་ཡི་བླ་མཚོ་དྭངས་མོ་ཡིན།
མཚོ་སྔོན་པོ་སྙན་མོ་གླུ་ཡིས་བསྟོད།
མཚོ་སྔོན་པོ་སྙན་མོ་གླུ་ཡིས་བསྟོད།
ཨོ་ཧོ། མཚོ་ཆེན་ལགས། ཁྲི་ཤོར་རྒྱལ་མོ།
ཁྱེད་ང་ཡི་སེམས་ཀྱི་མཆོད་པ་ཡིན།
ཁྱེད་ང་ཡི་སེམས་ཀྱི་མཆོད་པ་ཡིན།
མཚོ་སྔོན་པོ་སྙན་མོ་གླུ་ཡིས་བསྟོད།
མཚོ་སྔོན་པོ་སྙན་མོ་གླུ་ཡིས་བསྟོད།
ཨོ་ཧོ། མཚོ་ཆེན་ལགས། ཁྲི་ཤོར་རྒྱལ་མོ།
ཁྱེད་ང་ཡི་སེམས་ཀྱི་མཆོད་པ་ཡིན།
ཁྱེད་ང་ཡི་སེམས་ཀྱི་མཆོད་པ་ཡིན།