作词 : 伟色贡秋/波密娃伟色贡秋
作曲 : 德吉
༄༅། །དྲིན་ཕ་མ་ལ་ཕུལ་བའི་གླུ།
ཚིག འོད་གསར་ཀུན་ཁྱབ།
གདངས། བདེ་སྐྱིད།
ལེན་མཁན། འོད་གསར་ཀུན་ཁྱབ།
དྲིན་ཕ་མ་ཟེར་བ་ནམ་མཁའ་རེད། །
བུ་བུ་མོ་ཟེར་བ་སྤྲིན་དཀར་རེད། །
སྤྲིན་དཀར་པོར་འགྱུར་ལྡོག་མང་ན་ཡང་། །
དགུང་ཨ་སྔོན་པང་ལ་རང་འཁོར་རེད། །
མདོག་སྔོན་པོའི་ནམ་མཁའ་འགྱུར་མེད་ཡིན། །
བྱམས་བརྩེ་བའི་ཕ་མ་འགྱུར་མེད་ཡིན། །
ཨ་ལ་ནི་ཡེ། ཨ་ཕ་མ།
ཨ་ལ་ནི་ཡེ། དྲིན་ཆེ་སོང་།
དྲིན་ཕ་མ་ཟེར་བ་རྒྱ་མཚོ་རེད། །
བུ་བུ་མོ་ཟེར་བ་ཉ་ཆུང་རེད། །
ཉ་གསེར་མིག་ཆུ་རྩལ་གང་ངོམ་པ། །
མཐའི་རྒྱ་མཚོའི་རུམ་ནང་ལོས་རེ་ངོམ། །
ཉ་གསེར་མིག་འཁོར་ས་རྒྱ་མཚོའི་རུམ། །
བུ་བུ་མོའི་འཁོར་ས་ཕ་མའི་པང་། །
ཨ་ལ་ནི་ཡེ། ཨ་ཕ་མ།
ཨ་ལ་ནི་ཡེ། དྲིན་ཆེ་སོང་།
དྲིན་ཕ་མ་ཟེར་བ་ནགས་ཚལ་རེད། །
བུ་བུ་མོ་ཟེར་བ་བྱིའུ་ཆུང་རེད།
བྱ་ཆུང་ཆུང་གསུང་སྙན་ལྷང་ལྷང་དེ། །
ནགས་རྒྱ་རྫོང་ཁྲོད་ནས་ལོས་རེ་ལེན། །
བྱ་འཇོལ་མོས་སྙན་གླུ་ནགས་ལ་ཕུལ། །
བུ་བུ་མོས་བསྟོད་གླུ་ཕ་མར་ཕུལ། །
ཨ་ལ་ནི་ཡེ། ཨ་ཕ་མ།
ཨ་ལ་ནི་ཡེ། དྲིན་ཆེ་སོང་། དྲིན་ཕ་མ།